|
巴桑朗杰
地区: 西 藏 - 拉萨市 - 林周县 学校:拉萨市林周县中学 共1课时7 最后一课 初中语文 人教2001课标版 1教学目标༼སློབ་ཁྲིད་ཀྱི་དམིགས་ཚད།༽ གཅིག སྒྲུང་རྩོམ་འདིའི་རྒྱབ་ལྗོངས་དང་འབྲེལ་ནས་སློབ་ཚན་གྱི་ཁ་བྱང་ལ་གོ་བ་ལེན་པ། གཉིས། བུ་ཆུང་ཧྥོ་ལང་ཧྲི་དང་སྐུ་ཞབས་ཧན་མེར་ནི་ཇི་ལྟ་བུའི་མི་ཞིག་ཡིན་པར་དབྱེ་ཞིབ་བྱས་ཏེ། ཧྥ་རན་སི་མི་དམངས་ཀྱིས་རྒྱལ་ཁབ་གཞན་གྱི་བཙན་འཛུལ་འོག་ཏུ་རང་གི་མེས་རྒྱལ་ལ་བཅངས་པའི་བརྩེ་དུང་ག་འདྲ་ཡིན་པ་ཉམས་སུ་མྱོང་བ། གསུམ། མི་སྣའི་སྣང་བརྙན་ལ་དབྱེ་ཞིབ་བྱས་ཏེ། ཧྥ་རན་སིའི་མི་དམངས་ཀྱི་རྒྱལ་གཅེས་བརྩེ་དུང་ཉམས་སུ་མྱོང་བ། བཞི། རང་མི་རིགས་ཀྱི་སྐད་ཡིག་ལ་དམའ་ཞེན་དང་། སློབ་སྦྱོང་བྱེད་པའི་བསམ་བློའི་འདུ་ཤེས་སྐྱེ་སྲིང་བྱ་རྒྱུ། ལྔ། འབོད་པའི་ཐ་སྙད་དང་པོའི་འབྲི་སྟངས་ལ་སློབ་སྦྱོང་བྱས་ཏེ། སློབ་ཚན་ཁྲོད་ཀྱི་ཡུལ་ལྗོངས་ཞིབ་འབྲི་དང་བྱད་གཟུགས་ཞིབ་འབྲི། སེམས་ཁམས་ཞིབ་འབྲི།མི་སྣའི་སྐད་ཆ་ དང་འགུལ་སྐྱོད་གྱིས་མི་སྣའི་སྣང་བརྙན་མཚོན་པར་བྱེད་པའི་འབྲི་སྟངས་ལ་གོ་བ་ཆགས་པར་བྱེད་པ། དྲུག། སྒྲུང་རྩོམ་གྱི་འབྲེལ་ཡོད་ཤེས་བྱར་རྒྱུས་ལོན་བྱེད་པ། 2学情分析སློབ་ཁྲིད་ཀྱི་བསམ་འཆར། ༡. མི་སྣ་གཙོ་བོ་བུ་ཆུང་ཧྥུ་ལང་ཧྲི་དང་དགེ་རྒན་ཧན་མེར་གཉིས་ཀྱི་སྣང་བརྙན་ལ་དབྱེ་ཞིབ་བྱེད་སྐབས། ཁོ་ཚོའི་ཐུན་མོང་གི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་པ་དེ་གཅོ་བོར་འཛིན་དགོས། ༢. སློབ་ཚན་ཀློག་འདོན་བྱེད་པའི་ཁྲོད་དུ་མི་སྣའི་བསམ་བློའི་བརྩེ་དུང་ལ་རྒྱུས་ལོན་བྱེད་དགོས། ༣. གཏམ་རྒྱུད་ཀྱི་བྱུང་རིམ་རྟོགས་པར་བྱས་ནས། མི་སྣ་ཕན་ཚུན་ གྱི་འབྲེལ་བ་གནད་སར་བཟུང་ནས་དབྱེ་ཞིབ་བྱེད་དགོས། 3重点难点གཅིག བུ་ཆུང་ཧྥོ་ལང་ཧྲི་ཡི་སེམས་ཁམས་ཀྱི་འགྱུར་ལྡོག་དང་བརྩེ་དུང་གི་གཡོ་འགུལ་འབྱུང་རྐྱེན་ལ་གོ་བ་ལེན་པ། གཉིས། དགེ་རྒན་ཧན་མེར་གྱི་སྐད་ཆ་དང་འགུལ་སྐྱོད། རྣམ་འགྱུར་བཅས་བརྒྱུད་ནས་ཁོའི་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་དུང་དང་བསམ་བློར་ངོས་འཛིན་བྱེད་པ། ༼སློབ་ཁྲིད་ཀྱི་གཙོ་གནད༽ གཅིག མི་སྣའི་སྣང་བརྙན་ལ་དབྱེ་ཞིབ་བྱེད་པའི་གོ་རིམ་ཁྲོད་ཧྥ་རན་སི་མི་དམངས་ཀྱི་རྒྱལ་གཅེས་འདུ་ཤེས་ལ་ངོས་ཟིན་བྱེད་པ། གཉིས། སློབ་མ་རང་ཉིད་ཀྱི་སེམས་ཚོར་སྒྲུང་རྩོམ་འདིའི་བྱུང་རིམ་ཁྲོད་ཟབ་ཞུགས་བྱས་ཏེ། མི་སྣའི་སེམས་ཁམས་དང་བརྩེ་དུང་རིམ་གྱིས་མཐོ་རུ་འཕར་ཏེ་མེས་རྒྱལ་གྱི་སྐད་ཆར་བཅངས་པའི་བརྩེ་དུང་དུ་གྱུར་བའི་བརྒྱུད་རིམ་རྟོགས་པར་བྱེད་པ། 4教学过程 4.1 第一学时 教学活动 活动1【讲授】མཇུག་མཐའི་སློབ་ཐུན་གཅིག༼སློབ་ཁྲིད་བཀོད་སྒྲིག༽ སློབ་ཚན་འདི་སློབ་ཐུན་གསུམ་གྱི་ནང་འཁྲིད་ཚར་བར་བྱ་རྒྱུ། སློབ་ཐུན་དང་པོར་ལོ་རྒྱུས་རྒྱབ་ལྗོངས་དང་རྩོམ་པ་པོའི་གནས་ཚུལ། སྒྲུང་རྩོམ་གྱི་སྒྲིག་གཞིའི་ཤེས་བྱ་ངོ་སྤྲོད་དང་འབྲེལ་མིང་ཚིག་གསར་བ་སློབ་རྒྱུ། འཆད་ཁྲིད་ཀྱི་ཐབས་སྤྱོད་རྒྱུ། སློབ་ཐུན་གཉིས་པར་སློབ་ཚན་ཀློག་འདོན་དང་འབྲེལ་ནས་བུ་ཆུང་ཧྥོ་ལང་ཧྲི་སློབ་གྲྭར་འགྲོ་བའི་ལམ་ཁའི་སེམས་ཀྱི་འཆར་སྣང་དང་། སློབ་ཁང་གི་རྒྱུན་ལྡན་མིན་པའི་སྣང་ཚུལ། དགེ་རྒན་ཧན་མེར་གྱི་སྐད་ཆ་དང་འགུལ་སྐྱོད། རྣམ་འགྱུར་བཅས་ལས་བུ་ཆུང་ཧྥོ་ལང་ཧྲི་ལ་ཐེབས་པའི་སེམས་ཁམས་ཀྱི་འགྱུར་ལྡོག་སོགས་བགྲོ་གླེང་དང་ཕྱོགས་སྟོན་བྱེད་པ། སློབ་ཐུན་གསུམ་པར་སློབ་ཐུན་གྲོལ་ཁ་མའི་སྣང་ཚུལ་དང་འབྲེལ་ནས་སློབ་ཚན་ཧྲིལ་བོའི་བརྗོད་བྱ་སྤྱི་སྡོམ་དང་མི་སྣའི་སྣང་བརྙན་བཞེངས་སྐྲུན་ཐད་ཀྱི་ཐབས་རྩལ་ངོ་སྤྲོད་བྱེད་པ། སྦྱང་བྱ་དང་འབྲེལ་ནས་སློབ་ཚན་གྱི་དཀའ་གཙོ་གནད་ལ་གོ་བ་ཆགས་ཡོད་མེད་དྲི་བ་འདོན་པ་བཅས་སོ། ༡.《མཇུག་མཐའི་སློབ་ཐུན་གཅིག》ནི་ཕུ་ཧྥ་དམག་འཁྲུག་མཚམས་བཞག་ནས་ལོ་་་གཉིས་པ་སྟེ་༡༨༧༢ལོར་བྲིས་པ་ཡིན། ༡༨༧༠ ལོའི་ཟླ་༧ཚེས་༡༩ཉིན་བསླངས་པའི་ཧྥ་རན་སི་དང་ཕུ་རུ་སེན་གྱི་དམག་འཁྲུག་ནི་ཧྥ་རན་སིས་བསླངས་པ་ཡིན། ཧྥ་རན་སིའི་གོང་མ་ན་ཕོ་ལུང་ཁྲི་རབས་གསུམ་པས་ཕུ་རུ་སེན་གྱིས་དམག་ཤུགས་བཀོལ་ནས་ཏི་དབྱི་ཀྲི་མནའ་འབྲེལ་སོ་སོ་གཅིག་གྱུར་་་་བྱེད་པའི་བྱ་འགུལ་བཀག་འགོག་དང་། ཡོ་རོབ་གླིང་གི་ཧྥ་རན་སིའི་བཙན་དབང་སྲུང་སྐྱོབ་བྱེད་ཆེད་དུ་དམག་འཁྲུག་ཐེངས་འདི་་བསླངས་པ་རེད། མཐར་ཧྥ་རན་སིའི་དམག་ཕམ་ནས་མགོ་བཏགས། ཕུ་རུ་སེན་གྱི་དམག་ གིས་ཐད་ཀར་དུ་ཕ་རི་སི་(巴黎)བསྐོར། ཧྥ་རན་སིའི་འབྱོར་ལྡན་གྲལ་རིམ་སྲིད་ གཞུང་གིས་རྒྱལ་འཚོང་སྲིད་ཇུས་ལག་བསྟར་་བྱས་ནས་ཕུ་རུ་སེན་དང་ཞི་ཆིངས་བཞགཔ་་་་་དང་། ཧྥ་སྒོ་དུང་ཕྱུར་༥༠ ཡི་གསབ་དངུལ་སྤྲད་པ་རེད། དེ་ནས་བཟུང་སྟེ་ཨར་ས་སི་དང་ལོ་ལིན་ཤར་ཁུལ་གྱི་ཧྥ་རན་་མི་དམངས་ནི་དབང་ཤོར་རྒྱལ་ཕུང་གི་གནས་སུ་ལྷུང་། སྒྲུང་གཏམ་་་འདིའི་མཚོན་བྱ་ནི་ཨར་ས་སིའི་དབང་ཆ་ཤོར་རྗེས། ཕུ་རུ་སེན་གྱི་བཙན་འཛུལ་པས་བཙན་ཤེད་ཀྱིས་ཧྥ་རན་སིའི་སྐད་ཡིག་ཁྲིད་དུ་མ་བཅུག་སྟབས། ས་དེའི་མི་དམངས་ཀྱིས་དགྲ་བོར་སྡང་སེམས་སྐྱེས་པ་དང་རྒྱལ་གཅེས་འདུ་ཤེས་སྐྱེད་པ་ཡིན་ནོ།། ༢.རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས། ཨར་ཧྥིན་སི·ཏུའུ་ཏེ(༡༨༤༠ནས༡༨༩༧)ནི། དུས་རབས་བཅུ་དགུ་བའི་སྐབས་ཀྱི་ཧྥ་རན་སིའི་སྒྲུང་གཏམ་རྩོམ་པ་པོ་སྐད་གྲགས་ཅན་ཞིག་ཡིན། ཁོང་གིས《གཟའ་ཟླ་བའི་གཏམ་རྒྱུད》དང་《ཏ་ལེ་སི་ལི》སོགས་སྒྲུང་གཏམ་རིང་མོ་༡༢དང་། སྒྲུང་ཐུང་༤བརྩམས་ཡོད། ༡༨༧༠ལོར་ཕུ་ཧྥ་དམག་འཁྲུག་ལངས་ནས་ཏུའུ་ཏེ་ཡང་དམག་ལ་ཞུགས། རྗེས་སུ་སྔར་གྱི་ དམག་འཁྲུག་གི་འཚོ་བ་བརྗོད་བྱ་བྱས་པའི་སྒྲུང་གཏམ་བརྩམས་ཆོས་མི་ཉུང་བ་ཞིག་བརྩམས་མྱོང་། 《མཇུག་མཐའི་སློབ་ཐུན་གཅིག》ཅེས་པ་འདི་ནི་ཁོང་གི་གཏམ་རྒྱུད་ཐུང་གྲས་ཀྱི་མཚོན་བྱེད་རྩོམ་ཡིག་ཅིག་ཡིན། འཛམ་གླིང་ཡོངས་སུ་ཁྱབ་རྒྱ་ཆེ་ཞིང་། རྒྱལ་ཁབ་མི་ཉུང་བ་ཞིག་གིས་སྲོལ་རྒྱུན་གྱི་སྐད་ཡིག་སློབ་གཞི ་ རུ་བདམས་ཡོད། སྒྱུ་རྩལ་མཚོན་ཐབས་ཀྱི་ཁྱད་ཆོས། ༡ ཆུང་བ་བརྒྱུད་ནས་ཆེ་བ་མཚོན་པར་བྱས་པ། ༢ སྐད་ཆ་དང་འགུལ་སྐྱོད། ཉམས་འགྱུར། སེམས་ཁམས་བརྒྱུད་དེ་མི་སྣའི་སྣང་བརྙན་མཚོན་པར་བྱས་པ། གཉིས་པ། སློབ་ཚན་དངོས། སློབ་ཚན་གྱི་ཁ་བྱང་འགྲེལ་བ། 【མཇུག་མཐའི་སློབ་ཐུན་གཅིག】__རྒྱལ་ཁབ་ཕུང་བའི་ཨར་ས་སིའི་མིའི་མཐའ་མཇུག་གི་ཧྥ་རན་སིའི་སྐད་ཀྱི་སློབ་ཐུན་གཅིག་ཅེས་པ་ལ་གོ། ༼གཅིག༽ ཚན་ཁག་དབྱེ་ཞིབ། ཚན་ཁག་དང་པོར། སློབ་གྲྭར་མ་སོང་བའི་སྔ་རོལ་བྲིས་པ་སྟེ། དེ་ནི་གཏམ་རྒྱུད་ཀྱི་མགོ་ཚུགས་པ་ཡིན། བུ་ཆུང་ཧྥོ་ལང་ཧྲི་ཡི་དགའ་སྣང་བྲིས་ཏེ་སྐྱོ་སྣང་མཚོན་པར་བྱས་པ་དེས། དགེ་རྒན་ཧན་མེར་གྱི་བྱུང་བ་ལ་གཏན་འཁེལ་རང་བཞིན་གྱི་ཡུལ་སྣང་བཀོད་སྒྲིག་བྱས་ཤིང་། སློབ་ཁྲིད་ཀྱི་ཉམས་སྣང་ལ་སྐྱོ་གདུང་གི་ཁ་དོག་ཟབ་མོ་ཞིག་བསྣན་ཏེ། གཏམ་རྒྱུད་ཀྱི་རྒྱབ་ལྗོངས་མཚོན་པར་བྱས་ཡོད། ཚན་ཁག་གཉིས་པར། སློབ་ཁྲིད་ཀྱི་སྔ་རོལ་བྲིས་པ་སྟེ། དེ་ནི་བྱུང་རིམ་གྱི་འབྱུང་ཁུངས་ཡིན། སློབ་གྲྭའི་ཁོར་ཡུག་གི་རྒྱུན་ལྡན་དང་མི་འདྲ་བའིི་ཡུལ་སྣང་ངོ་སྤྲོད་བྱས་པ་བརྒྱུད་དེ་གོམ་གང་མདུན་སྤོས་ཀྱིས་གཏམ་རྒྱུད་ཀྱི་བྱུང་རིམ་འཕེལ་རྒྱས་ལ་རྨང་གཞི་བཏིང་ཡོད། ཚན་ཁག་གསུམ་པར། མཇུག་མཐའི་སློབ་ཐུན་གཅིག་བྲིས་པ་བརྒྱུད་དེ། བྱུང་རིམ་འཕེལ་རྒྱས་སུ་ཕྱིན་པའི་རྣམ་པ་མཚོན་པར་བྱས་ཤིང་། དགེ་རྒན་ཧན་མེར་གྱི་གཤིས་ཀའི་ཁྱད་ཆོས་ཕྱོགས་ཡོངས་ནས་མཚོན་པར་བྱས་ཡོད། ཚན་ཁག་བཞི་བར། སློབ་ཁྲིད་གྲོལ་བའི་དུས་སྐབས་བྲིས་པ་སྟེ། དེ་ནི་བྱུང་རིམ་གྱི་མཐོ་རླབས་ཡིན་ལ། གཏམ་རྒྱུད་ཀྱི་མཇུག་བསྡུ་ཡང་ཡིན་པས། སྒྲུང་རྩོམ་གྱི་བསྟན་དོན་ཟབ་ནས་ཟབ་ཏུ་ཕྱིན་ཏེ། ཀུན་རྟོག་གི་འཕྲོ་འདུ་ཡོངས་སུ་མཆེད་པའི་འདུ་ཤེས་ཀྱི་ཉིང་བཅུད་མཚོན་པར་བྱས་ཡོད། ཚན་ཁག་དང་པོ། ༡ནས་༦བར། སློབ་གྲྭར་འགྲོ་བའི་ལམ་བར་དུ། གཏམ་རྒྱུད་ཀྱི་དབུ་བསླངས་པ། ཚན་ཁག་གཉིས་པ། ༧ནས་༡༠བར། སློབ་ཁྲིད་ཀྱི་སྔ་རོལ། བྱུང་རིམ་གྱི་མགོ་ཚུགས་པ། ཚན་ཁག་གསུམ་པ། ༡༡ནས་༢༣བར། སློབ་ཁྲིད་ཀྱི་དུས་སྐབས། བྱུང་རིམ་འཕེལ་རྒྱས་སུ་སོང་བ། ཚན་ཁག་བཞི་བ། ༢༤ནས་༢༩བར། སློབ་ཁྲིད་གྲོལ་རྗེས། བྱུང་རིམ་གྱི་མཐོ་རླབས་དང་མཇུག་བསྡུ། ༼གཉིས༽ དཀའ་གཙོ་གནད་དང་འབྲེལ་ནས་སློབ་ཚན་དངོས་ཀྱི་བསྟན་བྱ་བགྲོ་གླེང་བྱེད་པ། ༡ བུ་ཆུང་ཧྥོ་ལང་ཧྲི་སློབ་གྲྭར་འགྲོ་བའི་ལམ་བར་གྱི་ཁོར་ཡུག་ཞིབ་འབྲི་དེ་ལས། ཞིབ་འབྲི་གང་དག་གིས་ང་ཚོར་བུ་ཆུང་ཧྥོ་ལང་ཧྲི་ཡི་འཚོ་བའི་ཁོར་ཡུག་མཚོན་པར་བྱས་ཤིང་། ཞིབ་འབྲི་གང་དག་གིས་བུ་ཆུང་ཧྥོ་ལང་ཧྲི་ཡི་བསམ་བློ་དང་གཤིས་ཀ་མཚོན་པར་བྱས་ཡོད། ༼ཟུར་མཆན༽ བུ་ཆུང་ཧྥོ་ལང་ཧྲི་ཡི་འཚོ་བའི་ཁོར་ཡུག་མཚོན་པ་ལ་འབྲི་སྟངས་གཉིས་ཀྱིས་གཏམ་རྒྱུད་ཀྱི་བྱུང་བར་དཔེ་མཚོན་གྱི་ཁོར་ཡུག་བསྐྲུན་ཡོད་དེ། གཅིག་ནི་གསལ་བྲིས་ཡིན། ༼ཤིང་གཤག་བཟོ་གྲྭའི་རྒྱབ་ཀྱི་སྤང་ཐང་ན་ཕུ་རུ་སེན་གྱི་དམག་མིས་དམག་རྩལ་སྦྱོང་བཞིན་པ༽ དེ་ཡིས་གཏམ་རྒྱུད་འདི་ནི་ཕུ་ཧྥ་དམག་འཁྲུག་བྱུང་རྗེས་ཀྱི་དོན་ཞིག་ཡིན་པ་གསལ་བོར་བསྟན་ལ། ཕི་ལོ་ཧྲི་ཡིས་དབང་བསྒྱུར་བྱས་པའི་ཧྥ་རན་སི་ཡི་ས་ཁོངས་སུ། ཕུ་ལོ་ཧྲིའི་དམག་ནི་ས་གནས་ཀྱི་བདག་པོ་ཇི་བཞིན་འགུལ་སྐྱོད་བྱེད་བཞིན་པའི་རྣམ་པ་བསྟན་ཡོད། གཉིས་ནི་ལྐོག་བྲིས་ཡིན། ༼བསྒྲགས་ཡིག་སྦྱར་བྱང་ཞིག་གི་མདུན་དུ་མི་མང་པོ་འདུས་ཡོད་པ་མཐོང་། ཉེ་བའི་ལོ་གཉིས་ཀྱི་རིང་གི་གཏམ་ངན་སྣ་ཚོགས་ཏེ། གཡུལ་ལས་ཕམ་ཟིན་ཟེར་བ་དང་། དམག་བསྡུ་གཡུལ་སྐྱོད་བྱེད་དགོས་ཟེར་བ། དེ་བཞིན་བཀོད་འདོམས་ཁང་གི་བཀའ་རྒྱ་སྣ་ཚོགས་ནི་དེ་ག་ནས་ཕྱིར་བསྒྲགས་བྱེད་ཀྱིན་ཡོད།༽ སྐད་ཆ་ཐུང་ངུ་འདིས་ཕུ་ཧྥ་དམག་འཁྲུག་གི་བརྒྱུད་རིམ་ཤུགས་བསྟན་བྱས་ཡོད་པ་སྟེ། བུ་ཆུང་ཧྥོ་ལང་ཧྲི་ཡི་འཚོ་བའི་ཁོར་ཡུག་ནི་དེ་འདྲའི་རྣམ་པ་ཞིག་ཡིན་པ་བསྟན། བུ་ཆུང་ཧྥོ་ལང་ཧྲི་ཡི་བསམ་བློ་དང་གཤིས་ཀ་མཚོན་པའི་ཚིག་ནི་འདི་ལྟ་སྟེ། ༼༡༽ སློབ་གྲྭར་འགྲོ་འཕྱི་བས། ༼དྲིས་ལན་ཡིག་འབྲུ་གཅིག་ཀྱང་འདེབས་མི་ཤེས་པ༽__ དེ་ཡིས་བུ་ཆུང་ཧྥོ་ལང་ཧྲི་སློབ་སྦྱོང་ལ་མི་དགའ་བ་མཚོན་པ། ༼༢༽ ༼ཕྱི་རོལ་དུ་རྩེ་བར་ཕྱིན༽ན་དགའ་བ། དེ་ནི་༼དབྱེ་ཚིག་གི་འཇུག་ཚུལ་ལས་ཡིད་འཕྲོག་ཅིང་སྤྲོ་སྣང་འཕེལ་བ་ཞིག་༽ཡིན་པ།__ དེ་ཡིས་བུ་ཆུང་ཧྥོ་ལང་ཧྲི་རྣམ་གཡེང་དང་རྩེ་རྒྱུར་དགའ་བ་མཚོན་པ། ༼༣༽ འཇོལ་མོས་གསུང་སྙན་སྒྲོག་པ། ཕུ་ལོ་ཧྲིའི་དམག་གིས་དམག་རྩལ་སྦྱོང་བཞིན་པ་སོགས་ཀྱང་སྤྲོ་སྣང་འབེལ་བ་ཞིག་ཡིན་པ། __ དེ་ཡིས་བུ་ཆུང་ཧྥོ་ལང་ཧྲི་ཡི་ཤེས་མེད་དང་བྱིས་བློ་མཚོན་པ། ༼༤༽ ཡིན་ནའང་བུ་ཆུང་ཧྥོ་ལང་ཧྲི་ནི་མ་རབས་ཤིག་མིན་པ་སྟེ། ༼རང་གཅུན་བྱེད་ཐུབ་པས། མྱུར་དུ་སློབ་གྲྭའི་ཕྱོགས་སུ་རྒྱུགས་པ༽ __ དེ་ཡིས་ད་གཟོད་རྗེས་ཀྱི་ཁོའི་བསམ་བློར་འགྱུར་ལྡོག་བྱུང་ནས་གློ་བུར་དུ་རྨོངས་གཉིད་ལས་སད་པའི་རྣམ་པ་དེ་བྱུང་བར་རྨང་བཏིང་ཡོད། ༢ སློབ་ཁྲིད་སྔོན་གྱི་ཞིབ་འབྲི་གང་དག་གིས་གཟབ་ནན་གྱི་རྣམ་པ་གང་འདྲ་ཞིག་མཚོན་པར་བྱས་ཤིང་། ཞིབ་འབྲིའི་རྣམ་པ་གང་དག་ལ་གཟབ་ནན་གྱི་ཁ་དོག་སྟུག་པོས་གཡོགས་ཡོད་པ་དང་། རྣམ་པ་དེ་དག་གིས་གཏམ་རྒྱུད་བྱུང་རིམ་གྱི་འཕེལ་རྒྱས་ལ་ནུས་པ་གང་འདྲ་ཐོན་ཡོད་དམ། ༼ཟུར་མཆན༽ ཞིབ་འབྲི་དེ་དག་གིས་རྒྱུན་ལྡན་མིན་པའི་གཟབ་ནན་གྱི་རྣམ་པ་ཞིག་མཚོན་པར་བྱས་ཡོད་ལ། དེ་ཡང་ཞིབ་འབྲིའི་རྣམ་པ་འདི་ལྟ་སྟེ། ༼༡༽ ༼ནམ་རྒྱུན་སློབ་ཁྲིད་ཀྱི་མགོ་བརྩམས་པའི་ཚེ། སྐད་ཅོར་ལ་སོགས་པའི་འུར་སྒྲས་ཁེངས་པ༽་ཞིག་ཡིན་མོད། དེ་རིང་། ༼ཡོད་ཚད་འཇམ་ཐིང་ཐིང་དང་ཁུ་སིམ་མེར་ ༽ ཡོད་པ། ༼༢༽ སྔོན་ཆད་དགེ་རྒན་གྱི་ཁྲིད་དབྱུག་དང་བཀའ་བཀྱོན་ཉོ་དགོས་པ་ཡིན་མོད། དེ་རིང་། ༼བྱམས་བརྩེ་ལྡན་པའི་ངང༽ནས་ཧྥོ་ལང་ཧྲི་སྡོད་དུ་བཅུག་པ། ༼༣༽ རྒྱུན་གཏན་དུ་དགེ་རྒན་གྱི་གཟབ་གོས་དེ་དག་༼བྱ་དགའ་གནང་བའི་སྐབས་སུ་མ་གཏོགས་མི་གྱོན་༽མོད། དེ་རིང་། དགེ་རྒན་གྱིས་གཟབ་གོས་སྤྲས་ཡོད་པ། ༼༤༽ ནམ་རྒྱུན་༼སྟོང་བར་ལུས་པའི་གྲལ་མཇུག་གི་རྐུབ་སྟེགས་༽སྟེང་དུ། དེ་རིང་༼གྲོང་བརྡལ་གྱི་མི་རྣམས་བསྡད༽ཡོད་པ། གཟབ་ནན་གྱི་རྣམ་པ་འདི་དག་གིས་གོམ་གང་མདུན་སྤོས་ཀྱིས་གཏམ་རྒྱུད་བྱུང་བའི་ཁོར་ཡུག་ངོ་སྤྲོད་བྱས་ཤིང་། དེ་ཡང་དོགས་གཟབ་ཅིག་གི་རྣམ་པས་བྲིས་ཏེ། འདི་ནི་མཇུག་མཐའི་སློབ་ཐུན་གཅིག་ཡིན་པའི་ཁོར་ཡུག་བསྐྲུན་ཡོད། ༣ སློབ་ཁྲིད་ཀྱི་སྔ་རྗེས་སུ་བུ་ཆུང་ཧྥོ་ལང་ཧྲི་ཡི་སེམས་ཁམས་ལ་འགྱུར་ལྡོག་ག་འདྲ་བྱུང་བ་དང་། འགྱུར་ལྡོག་དེ་དག་གི་ཁྲོད་ནས་ཁོའི་བསམ་བློ་ཇི་ལྟར་རྨོངས་གཉིད་ལས་སད་པ་མཚོན་པར་བྱས་ཡོད་དམ། ༼ཟུར་མཆན༽ སློབ་ཁྲིད་ཀྱི་སྔ་རོལ་དུ། རྒྱུན་ལྡན་མིན་པའི་གཟབ་ནན་གྱི་རྣམ་པའི་ཁྲོད་ནས། དང་ཐོག་ཁོ་ལ་བསམ་ཡིད་ལས་འདས་པའི་སྣང་བ་སྐྱེས་པ། བར་དུ་ནོངས་འགྱོད་སྐྱེས་པ། མཐའ་མར་ཡ་མཚན་སྐྱེས་པ། སློབ་ཁྲིད་ཀྱི་དུས་སུ། དགེ་རྒན་གྱིས་འདི་ནི་མཇུག་མཐའི་སློབ་ཐུན་གཅིག་ཡིན་པར་བསྒྲགས་དུས། ཁོ་ལ་༼རང་དབང་མེད་པར་སྡུག་བསྔལ་གྱིས་རབ་ཏུ་གདུངས་པར་གྱུར་༽བ་དང་། དེར་མཐུད་ནས་སླར་ཡང་༼ཀྱེ་མ་སྙིང་རེ་རྗེ༽་བའི་བསམ་ཚུལ་བྱུང་སྟེ། ཁོའི་མེས་རྒྱལ་ལ་དགའ་བའི་དུངས་བརྩེ་དྲག་ཏུ་འཁོལ་ཞིང་། བཙན་འཛུལ་བར་སྡང་བའི་སེམས་ཁམས་དྲག་ཏུ་གཡོས། ཁོས་སྐུ་ཞབས་ཧན་མེར་༼རྐུབ་སྟེགས་ཐོག་ཏུ་འགུལ་ཙམ་ཡང་མི་བྱེད་པར་༽སྡོད་པའི་རྣམ་འགྱུར་དེ་མཐོང་བས། དགེ་རྒན་ལ་སྙིང་རྗེ་སྐྱེས་པ། སློབ་ཁྲིད་གྲོལ་དུས་སུ། ཁོ་རང་དགེ་རྒན་ལ་སེམས་བསམ་པའི་དད་གུས་བྱུང་བ་སྟེ། ༼ཁོང་ཉིད་འདི་འདྲའི་བརྗིད་ཉམས་ལྡན་པ་ཞིག་ཡིན་༽པ་ཚོར་བ། སྐུ་ཞབས་ཧན་མེར་གྱི་མི་སེམས་འགུལ་བའི་སློབ་གསོའི་ཁྲོད་དུ། བུ་ཆུང་ཧྥོ་ལང་ཧྲི་མྱུར་སྟབས་ཀྱིས་འཚར་ལོངས་བྱུང་བ་དང་། མྱུར་སྟབས་ཀྱིས་རྨོངས་གཉིད་ལས་སད་པ་སྟེ། ཐོག་མར་སད་པ་ནི་ཁོའི་མི་རིགས་འདུ་ཤེས་ཀྱི་རྟོགས་སད་ཡིན། ༼ཨ་ཁ། མི་ངན་དེ་ཚོས་གྲོང་བརྡལ་གྱི་གཞུང་ལས་ཁང་གི་སྦྱར་བྱང་སྟེང་དུ་བཀོད་པའི་དོན་ནི་འདི་ཡིན་པ་རེད༽_༼དེ་ནི་ད་གཟོད་ཡིད་འཕྲོག་ཅིང་སྤྲོ་སྣང་སྐྱེ་བ་ཞིག་མིན་པ་ཚོར་བ༽ དེར་མཐུད་ནས་སློབ་སྦྱོང་གི་རིན་ཐང་རྟོགས་པ། ༼འདི་ནི་ངའི་ཧྥ་རན་སིའི་སྐད་ཡིག་གི་མཇུག་མཐའི་སློབ་ཐུན་གཅིག་རེད་ཨང་༽ ཞེས་པ་དང་། ༼ད་ནས་བཟུང་སྟེ་ངས་ཧྥ་རན་སིའི་སྐད་ཡིག་སྦྱོང་བའི་སྐལ་བ་ཆད་སོང་༽ཞེས་པ། དཔེ་ཆའི་ཐད་ནས། ༼དཔེ་ཆ་དེ་དག་རང་གི་བློས་ཐུབ་ཀྱི་གྲོགས་པོ་དང་མཚུངས་པར་ལག་ནས་འབྲལ་མི་ཕོད་པར་གྱུར་བ༽_༼དེ་དག་གིས་ད་གཟོད་“སློབ་བྱོལ” བྱེད་མི་འདོད་པ་དང་། དཔེ་ཆ་ལ་“ཚིག་པ” ཟ་བ་ནས་དགའ་བའི་བསམ་བློ་སྐྱེས་པ༽མཚོན། དེ་རྗེས་མེས་རྒྱལ་གྱི་སྐད་ཆ་དང་མེས་རྒྱལ་ལ་དགའ་བའི་འདུ་ཤེས་སྐྱེས་པ། དགེ་རྒན་ཧན་མེར་གྱིས་ཡི་གེའི་མ་ཕྱི་གསར་བ་ཞིག་གནང་བའི་ཐོག་ན༼དབྱིབས་ཟླུམ་པོ་ཅན་གྱི་ཡིག་གཟུགས་ཡིད་དུ་འོང་བ་འཁོད་འདུག་པ༽དང་། ༼རྒྱལ་དར་ཆུང་ཆུང་མང་པོ་ལྷབ་ལྷུབ་ཏུ་བསྐྱོད་བཞིན་པ༽སོགས་ལས་མཚོན་ཐུབ། མཇུག་མཐར་དགེ་རྒན་ལ་དད་གུས་དང་ཤ་ཞེན་སྐྱེས་པ་སྟེ། ༼སླར་ཡང་ཞལ་མཇལ་ཡོང་རྒྱུ་ནི་ཉིན་མོའི་སྐར་མ་དང་མཚུངས༽པ་དང་། ༼ང་ལ་ཆད་པ་བཅད་པ་དང་ཁྲིད་དབྱུག་གིས་རྡེག་པའི་ཚུལ་རྣམས་ཀྱང་མ་ལུས་པར་ཡལ་བ།༽ ༼སང་ཉིན་ཁོང་ཚོ་ས་ཆ་འདི་དང་གཏན་བྲལ་བྱེད་དགོས་པ༽ ༼ངས་ད་བར་དུ་ཁོང་ཉིད་འདི་འདྲའི་བརྗིད་ཉམས་ལྡན་པ་ཞིག་ཡིན་པ་མཐོང་མ་མྱོང་བ༽སོགས་ཀྱིས་བསྟན་ཡོད། མཇུག་མཐའི་སློབ་ཐུན་གཅིག་གིས་བུ་ཆུང་ཧྥོ་ལང་ཧྲི་ཡི་བླ་སྲོག་གཏིང་རིམ་དུ་ཆེས་ཟབ་པའི་བག་ཆགས་བཞག་པ་དང་། ཆེས་གསལ་བའི་དྲན་པ་བཞག་པ་དག་ནི་གསོན་ཉམས་ལྡན་པའི་སྣང་བརྙན་བཞེངས་བསྐྲུན་ལས་མཚོན་པར་བྱས་ཡོད། ༤ རྩོམ་པ་པོས་ཕྱོགས་གང་ཐད་ནས་སྐུ་ཞབས་ཧན་མེར་ཞིབ་འབྲི་བྱས་ཡོད་པ་དང་། སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་བོར། སྐུ་ཞབས་ཧན་མེར་གྱི་བརྩེ་དུང་ལ་འཕར་འདེགས་གང་འདྲ་བྱུང་བ་དཔེ་བཞག་ནས་ཤོད་དང་། ༼ཟུར་མཆན༽ དགེ་རྒན་ཧན་མེར་གྱི་ཞིབ་འབྲི་ནི་བུ་ཆུང་ཧྥོ་ལང་ཧྲི་ཡི་མཐོང་སྣང་སྤྱད་ནས་བྲིས་པ་ཞིག་ཡིན་པས། སྒྲུང་རྩོམ་དུ་བུ་ཆུང་ཧྥོ་ལང་ཧྲི་ཞིབ་འབྲི་བྱས་པ་བཞིན་གྱི་སེམས་ཁམས་ཞིབ་འབྲི་སོགས་ཀྱི་བྱེད་ཐབས་སྤྱད་མེད་པར་གཙོ་བོར་བྱད་གཟུགས་རྣམ་འགྱུར་ཞིབ་འབྲི་དང་། འགུལ་སྐྱོད་ཞིབ་འབྲི།༼ང་ཡི་མཐོང་སྣང་སྤྱད་ནས༽ མི་སྣའི་སྐད་ཆ་ཞིབ་འབྲི་༼ང་ཡི་ཉན་སྣང་བརྒྱུད་ནས༽སོགས་བརྒྱུད་ནས་བྲིས་ཡོད། དཔེར་ན། དགེ་རྒན་ཧན་མེར་གྱི་རྣམ་འགྱུར་འབྲི་སྐབས། ༼དགེ་རྒན་ཧན་མེར་རྐུབ་སྟེགས་ཐོག་ཏུ་འགུལ་ཙམ་ཡང་མི་བྱེད་པར་ཁོར་ཡུག་གི་དངོས་པོ་དག་ལ་ཅེ་རེར་གཟིགས་འདུག་པ་དེ་ནི། སློབ་ཁང་ཆུང་ཆུང་འདིའི་ནང་དུ་ཡོད་པའི་དངོས་པོ་མཐའ་དག་གཅིག་ཀྱང་མ་ལུས་པར་ཁོང་གི་མིག་ནང་དུ་བསྡུས་ནས་འཁྱེར་འདོད་པ་ལྟར་སྣང་༽ཞེས་བྲིས་པ་ལས་ཁོའི་མི་ཚེ་གང་བོ་སློབ་གསོའི་ལས་དོན་ལ་ཕུལ་བའི་རྫོགས་མེད་ཀྱི་ཞེན་ཆགས་མཚོན་པར་བྱས་ཡོད་ལ། མེས་རྒྱལ་དང་ཕ་སར་བཅངས་པའི་དུངས་བརྩེ་རྨ་མེད་པ་དེ་བསྟན་ཡོད། འགུལ་བསྐྱོད་འབྲི་སྐབས། ༼ཁོང་སྒོ་སམ་གྱི་ཕྱོགས་སུ་སོང་སྟེ་ས་སྨྱུག་ཅིག་བླངས་ནས་སྟོབས་ཤུགས་ཡོད་རྒུས་ཡིག་འབྲུ་ཆེན་པོ་འགའ་འདི་ལྟར་བྲིས…༽ཞེས་པ་དང་། ༼དེ་ལྟར་ཧད་དེ་ལུས་ཤིང་། དབུ་རྩིག་ངོས་སུ་བསྙེས་ནས་ཅི་ཡང་མི་གསུངས་པར…༽ ༼ཕྱག་བརྡ་གནང་བྱུང་༽སོགས་བྲིས་པ་ལས་འགུལ་བསྐྱོད་འདི་དག་ནི་རྡོ་བརྐོས་སྣང་བརྙན་ཞིག་དང་འདྲ་བར་སྐུ་ཞབས་ཧན་མེར་གྱི་རྒྱལ་གཅེས་པ་ཞིག་གི་རླབས་ཆེའི་སྣང་བརྙན་བསྐྲུན་ཡོད། མི་སྣའི་སྐད་ཆ་ཞིབ་འབྲིའི་ཐད་ནས། ༼ང་ཚོས་ཅིས་ཀྱང་སྐད་ཡིག་དེ་ཡིད་ལ་དམ་པོར་བཅངས་ནས་དུས་གཏན་དུ་བརྗེད་མི་རུང་། རྒྱལ་ཁབ་ཕུང་ནས་བྲན་དུ་གྱུར་བའི་མི་དམངས་ལ་ཆ་མཚོན་ན། རང་ཉིད་ཀྱི་སྐད་ཡིག་དེ་སྙིང་ཁོང་དུ་བསྲེལ་བར་བྱས་ན་ནི། བཙོན་སྒོ་འབྱེད་པའི་ལྡེ་མིག་ལག་ཏུ་འབྱོར་བ་དང་མཚུངས་པ་ཡིན༽ཞེས་བྲིས་པ་ལས་རྒྱལ་གཅེས་ཀྱི་བརྩེ་དུང་རླབས་བཞིན་བརྡོལ་བ་ལས་གཞན་རང་གི་སློབ་མ་རྣམས་ལ་བཅངས་པའི་མཐའ་མེད་ཀྱི་རེ་བ་དང་། ད་དུང་མི་རིགས་དང་རྒྱལ་ཁབ་ཀྱི་འབྱུང་འགྱུར་ལ་བཅངས་པའི་སྲ་བརྟན་གྱི་ཡིད་ཆེས་ཀྱང་མཚོན་པར་བྱས་ཡོད། སློབ་ཁྲིད་མགོ་བརྩམས་པ་ནས། སྐུ་ཞབས་ཧན་མེར་གྱིས་༼ཞི་འཇམ་༽དང་༼གཟབ་ནན་༽གྱི་ངང་ནས་སྐད་ཆ་ཤོད་མགོ་ཚུགས་པ་རེད། ༼ཞི་འཇམ༽གྱིས་ཁོ་རང་གིས་མེས་རྒྱལ་དང་སྤུན་ཟླ་དང་སློབ་མ་རྣམས་ལ་བཟུང་བའི་མདང་བརྩེ་བསྟན་ཞིང་། ༼གཟབ་ནན༽གྱིས་ཁོའི་རྒྱལ་ཁབ་ཕུང་བའི་སྡུག་བསྔལ་གྱི་སེམས་ཁམས་མཚོན་པར་བྱས་ཡོད་ལ། དེ་ཡིས་ཁོས་རང་གི་མཇུག་མཐའི་སློབ་ཐུན་འདི་ལ་བཅངས་པའི་གཟབ་ནན་གྱི་འདུ་ཤེས་ཀྱང་བསྟན་ཡོད། ཁོས་རང་གི་ལྷད་མེད་པའི་བརྩེ་དུང་དང་། འཁྲེང་ཞེན། གྱེས་བྲལ་གྱི་དུངས་ཚོར་ངང་ནས་ཁོའི་མཐའ་མཇུག་གི་སློབ་ཐུན་གཅིག་མགོ་བརྩམས་ལ། བུ་ཆུང་ཧྥོ་ལང་ཧྲི་ཡིས་དཔེ་ཆ་བློར་འདོན་མ་ནུས་པའི་སྐབས་སུ། ཁོས་སློབ་མར་བཀའ་བཀྱོན་མི་གནང་བ་མ་ཟད་ད་དུང་དེ་ལས་ཀྱང་སྐྱོ་བའི་བསམ་གཞིག་བཏང་སྟེ། ༼འདི་ནི་ཨར་ས་སིའི་མི་རྣམས་ཀྱི་ཆེས་ཆེ་བའི་ཆག་སྒོ་༽ཡིན་པ་བསྟན་ཏེ། རང་གི་ནོར་འཁྲུལ་ལ་ངོས་ལེན་དང་རང་སྐྱོན་རང་བརྗོད་བྱས་ཡོད་ལ། དེ་ཡིས་ཁོའི་བླ་མེད་ཀྱི་འགན་འཁྲིའི་འདུ་ཤེས་དང་གཏིབ་ཟབ་པའི་མེས་རྒྱལ་གྱི་དུངས་བརྩེ་མཚོན་པར་བྱས་ཡོད། དེ་དང་འབྲེལ་ནས་ཕུ་ལོ་ཧྲིའི་དབང་བསྒྱུར་བས་མི་རིགས་གཞན་བསྒྱུར་གྱི་དྲག་གནོན་སྲིད་ཇུས་བཏོན་པ་ལ་ཁ་གཏད་ནས། ཁོས་མེས་རྒྱལ་གྱི་སྐད་ཆར་བསྔགས་བརྗོད་བྱས་པ་ནི་རང་གི་མེས་རྒྱལ་ལ་བསྔགས་པ་བརྗོད་པ་ཡིན་ཞིང་། སློབ་མ་ཚོས་ཧ་ཅང་ནན་ཏན་གྱིས་མེས་རྒྱལ་གྱི་ཡི་གེ་འབྲི་བཞིན་པ་མཐོང་སྐབས། ཁོ་རང་བསམ་གཞིག་ཟབ་མོ་ཞིག་གི་ཀློང་དུ་ཚུད་པ་དང་། སློབ་ཐུན་མཇུག་གྲོལ་སྐབས། ཕུ་ལོ་ཧྲིའི་དམག་གི་དམག་དུང་གྲགས་པ་ལའང་ཧན་མེར་གྱིས་རང་གི་ཤུགས་དྲག་པའི་སྐྱོ་ཡུས་བསྟན་ཡོད། “མདང་བརྩེ_སྡུག་བསྔལ_གཟབ་ནན_བསམ་གཞིག_ཕངས་སེམས_བསྔགས་བརྗོད_བསམ་གཞིག་ཟབ་མོ_སྐྱོ་ཡུས་” འདི་དག་ནི་སྐུ་ཞབས་ཧན་མེར་གྱི་བརྩེ་དུང་གི་འཕར་འདེགས་ཡིན་ལ། འཕར་འདེགས་འདི་སློང་བྱེད་ནི་བཙན་འཛུལ་བར་བཅངས་པའི་ཞེ་སྡང་དང་མེས་རྒྱལ་ལ་བཅངས་པའི་བརྩེ་བ་དེ་དག་རེད། ༥ སྐུ་ཞབས་ཧན་མེར་གྱི་སློབ་ཁྲིད་གྲོལ་སྐབས་སྐད་ཆ་གསུམ་བྲིས་པ་དེའི་གདངས་འགྲོས་ནི་ཇི་ལྟ་བུ་ཞིག་ཡིན་ནམ། ༼ཟུར་མཆན༽ སྐད་ཆ་དང་པོ་༼གྲོགས་པོ་རྣམ་པ། ང་རང_ ང _༽ཞེས་པ་དེའི་གདངས་ནི་རིང་ཞིང་སྐད་འགགས་པ་སྟེ། སྐུ་ཞབས་ཧན་མེར་གྱི་སེམས་ཁོང་དུ་སྡུག་བསྔལ་གྱིས་ཁེངས་པ་མཚོན། སྐད་ཆ་གཉིས་པ་ནི་༼ཧྥ་རན་སི་ཁྲི་ལོ་བརྟན་པར་ཤོག༽ཅེས་པ་དེ་ཡིན་ལ། དེ་ནི་ངག་ཏུ་སྒྲོགས་པའི་སྐད་ཅིག་མིན་ནའང་། གལ་ཏེ་ཡིན་པའི་དབང་དུ་བཏང་ན། དེ་ནི་སྟོབས་དང་ཤུགས་ཀྱིས་སྨྲས་པའི་སྐད་གདངས་མཐོ་ཤོས་ཤིག་ཡིན་དགོས་ཏེ། དེ་ཡིས་སྐུ་ཞབས་ཧན་མེར་སེམས་ཁོང་གི་ཆེས་དྲག་ཏུ་བརྡོལ་བའི་བརྩེ་དུང་མཚོན་ཡོད། སྐད་ཆ་གསུམ་པ་ནི༼སློབ་གྲྭ་གྲོལ་སོང་_ ཁྱོད་ཚོ་སོང་ན་ཆོག༽ཅེས་པ་དེ་ཡིན་ལ། དེའི་གདངས་ནི་དམའ་ཞིང་འུ་ཐུག་པའི་སྒྲ་ཞིག་སྟེ། མ་བཤད་ཐུ་མེད་ཀྱི་འགལ་འདུའི་སེམས་ཁམས་ཤིག་དང་། སེམས་པ་རྨང་ནས་ཚལ་གས་སུ་སོང་བའི་སྐྱོ་ཡུས་ཀྱི་ཉམས་ཤིག་མཚོན། ༼གསུམ༽སྡོམ་ཆུང་དང་འབྲེལ་ནས་སློབ་ཚན་གྱི་བརྗོད་དོན་བགྲོ་བ། ༼ ༡ ༽ཁོར་ཡུག་ཞིབ་འབྲི་བརྒྱུད་ནས་མི་སྣའི་སེམས་ཁམས་ཀྱི་འགྱུར་ལྡོག་མཚོན་པར་བྱས་པ་ནི།【སློབ་གྲྭར་ལམ་བར་གྱི་ཡུལ་ལྗོངས་ཞིབ་འབྲི།】ཕྱོགས་གཅིག་ནས་བུ་ཆུང་ཧྥོ་ལང་ཧྲི་ཡི་སྐབས་དེའི་བྱིས་བློ་མངོན་པར་བྱས་པ་སྟེ། ཕུ་ལོ་ཧྲི་དམག་གིས་ཨར་ས་སིའི་ས་གནས་དབང་བསྒྱུར་བྱས་ཟིན་པ་དང་། སྦྱར་བྱང་ལས་རྒྱུན་པར་འཕྲིན་ངན་སྒྲོགས་བཞིན་པ་སོགས་ང་དང་འབྲེལ་བ་མེད་པའི་ཤེས་མེད་ཀྱི་ཉམས་སྣང་དེས་བུ་ཆུང་ཧྥོ་ལང་ཧྲི་ནི་ཤེས་མེད་དང་རྣམ་གཡེང་གི་ངང་དུ་ཡོད་པ་མཚོན་ཞིང་། དེ་དང་དུས་ཕྱིའི་ཁོའི་ནོངས་འགྱོད་དང་སྡུག་བསྔལ་གཉིས་མངོན་གསལ་དོད་པོས་བསྡུར་བ་བྱས་ཡོད་ལ། ཕྱོགས་གཞན་ཞིག་ནས་གཏམ་རྒྱུད་འདི་ཉིད་ཕུ་ལོ་ཧྲི་དམག་གིས་དབང་བསྒྱུར་བྱས་ཟིན་པའི་ས་གནས་སུ་བྱུང་བ་དང་། བུ་ཆུང་ཧྥོ་ལང་ཧྲི་ཡི་བསམ་པའི་འགྱུར་བ་དག་ཀྱང་འདི་འདྲའི་གཏན་འཁེལ་གྱི་ཁོར་ཡུག་ཏུ་བྱུང་བ་གསལ་བཤད་བྱས་ཡོད། ༼ ༢ ༽མི་སྣའི་ཕྱི་གཟུགས་ཞིབ་འབྲི་བརྒྱུད་ནས་སེམས་ཁམས་ཀྱི་འགྱུར་ལྡོག་མཚོན་པར་བྱས་པ་ནི།【དགེ་རྒན་ཧན་མེར་གྱི་གྱོན་གོས་དང་། སྐད་ཆ། འགུལ་སྐྱོད། ཉམས་འགྱུར་གྱི་ཞིབ་འབྲི】དགེ་རྒན་གྱི་གྱོན་གོས་སྟེང་ནས་སློབ་ཐུན་འདིའི་གཟབ་ནན་དང་གལ་ཆེན་རང་བཞིན་མཚོན་པར་བྱས་པ་སྟེ། རྒྱུན་གཏན་དུ་མི་གྱོན་པའི་གཟབ་ཆས་མནབས་པ། སྐད་ཆའི་སྟེང་ནས་མེས་རྒྱལ་དང་མེས་རྒྱལ་གྱི་སྐད་ཡིག རང་གི་ལས་དོན་ལ་བཅངས་བའི་བརྩེ་སེམས་མཚོན་པ། འགུལ་སྐྱོད་དང་ཉམས་འགྱུར་སྟེང་ནས་ནང་སེམས་ཀྱི་བཟོད་པར་དཀའ་བའི་སྡུག་བསྔལ་དང་གཡོ་སྐྱོམ། འཁྲེང་སེམས་དང་གདུང་ཡུས་མཚོན་པ། 【སྡོམ་ཆུང་】གོང་གསལ་གྱི་ཞིབ་འབྲི་འདི་དག་ལས་བསྟན་པ་ནི་སྒྲུང་རྩོམ་འདིའི་མི་སྣའི་བཞེངས་སྐྲུན་གྱི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་རེད་ལ། ཡུལ་ལྗོངས་ཞིབ་འབྲི་ནས་བྱུང་རིམ་ཞིབ་འབྲི་དང་། མི་སྣའི་འགུལ་སྐྱོད་ཞིབ་འབྲི་ནས་སེམས་ཁམས་འགུལ་སྐྱོད་ཞིབ་འབྲི་ཡོད་ཚད་སྐུད་སྣེ་གཅིག་གི་སྟེང་སྦྲེལ་ཡོད་པ་མ་ཟད། བུ་ཆུང་ཧྥོ་ལང་ཧྲི་ཡི་མཐོང་ཐོས་མྱོང་བའི་ཚོར་བ་ཡོད་ཚད་ཀྱང་སྦྲེལ་ཐག་གཅིག་གིས་བཟུང་ཡོད་པ་ཤིན་ཏུ་གསལ། ༼ ༣ ༽སྐད་ཆ་ཞིབ་འབྲི་བརྒྱུད་ནས་རྒྱལ་གཅེས་ཀྱི་ལྷག་བསམ་མཚོན་སྟངས་ནི།【ཧྥ་རན་སིའི་སྐད་ཡིག་ནི་འཇིག་རྟེན་གྱི་ཆེས་ཕུན་སུམ་ཚོགས་པའི་སྐད་ཡིག་ཅིག་ཡིན་པ་དང་། དེ་ནི་བཙོན་སྒོ་འབྱེད་པའི་ལྡེ་མིག་ལག་ཏུ་འབྱོར་བ་དང་མཚུངས་པ】 སྐད་ཆ་དེའི་ཁྲོད་ཀྱི་བཙོན་སྒོ་དང་ལྡེ་མིག་གི་མཚོན་བྱ་ཅི་ཡིན་ནམ་སྙམ་ན། བཙོན་ནི་མི་ལ་རང་དབང་མེད་པར་གཞན་གྱི་མནར་གཅོད་འོག་འཚོ་བའི་གནས་སྟངས་ཤིག་ཡིན་ལ། འདིར་ནི་བཙན་འཛུལ་བས་དབང་བསྒྱུར་བྱས་པའི་ཨར་ས་སིའི་ས་གནས་ནི་བཙོན་ཁང་ཞིག་དང་འདྲ་བ་མཚོན། ལྡེ་མིག་ནི་སྒོ་འབྱེད་བྱེད་ཡིན་པས་ན་འདིར་ནི་བཙོན་ཁང་གི་སྒོ་ཕྱེས་པ་ནི་དབང་བསྒྱུར་བ་དག་ཕྱིར་བསྐྲོད་གཏོང་བ་ལ་གོ་ཞིང་། དེ་གཏོང་བྱེད་ནི་མེས་རྒྱལ་གྱི་སྐད་ཡིག་ཡིན་པ་བསྟན། 【སྡོམ་ཆུང་】སྤྱིར་བཏང་སྐད་ཡིག་ཅིག་གིས་བཙན་འཛུལ་བ་མཐར་སྤྲོད་གཏོང་འདོད་པ་ནི་སྟོང་བསམ་ཞིག་རེད་སྙམ་སྲིད་མོད། འདིར་བསྟན་པའི་དོན་སྙིང་ནི་སྐད་ཡིག་ནི་མི་རིགས་ཤིག་གཅིག་གྱུར་དང་མཐུན་སྒྲིལ་འབྱུང་བྱེད་ཀྱི་སྦྲེལ་ཐག་དང་སྟོབས་ཤུགས་ཡིན་པར་བཤད་པ་སྟེ། མི་རིགས་ཤིག་གི་སྐད་ཡིག་ནི་མི་རིགས་དེའི་མི་རྣམས་ཀྱི་བསམ་བློ་ཕན་ཚུན་འབྲེལ་བྱེད་ཀྱི་ལྟེ་ཐག་ཏུ་གྱུར་ཡོད་ཅིང་། དེ་བརྒྱུད་ནས་མི་རིགས་ཧྲིལ་བོའི་རྒྱལ་གཅེས་ཀྱི་གདུང་སེམས་གཅིག་གྱུར་བྱེད་ནུས་པ་དང་། མི་རིགས་ཀྱི་སྙིང་སྟོབས་གཅིག་སྒྲིལ་བྱེད་ནུས་པས་ན། སྐད་ཡིག་གིས་མི་རིགས་ཀྱི་ཕམ་ཉེས་དང་བླ་སྲོག་བཟུང་ཡོད་པ་གསལ་བཤད་བྱས་ཡོད། ༼ ༤ ༽ བྱིས་པ་ཞིག་གི་མཐོང་སྣང་བརྒྱུད་ནས་མི་སེམས་སྒུལ་བའི་གཏམ་རྒྱུད་ཅིག་བྲིས་པ་ལས། གཏམ་རྒྱུད་ཀྱི་ཡིད་འགུགས་ནུས་པ་དང་དོན་དངོས་རང་བཞིན་བླ་ལྷག་གིས་མཐོ་རུ་སོང་ཡོད་དེ། བྱིས་པའི་ཟོལ་མེད་རྣམ་དག་གི་བློ་དང་མཐོང་ཐོས་ཀྱི་འཚོ་བ། མི་སྣའི་ཉམས་འགྱུར་སོགས་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཐོན་ཡོད། དེས་ན། འདིར་དྲི་བ་འགའ་ཞིག་དྲངས་ན། A སློབ་ཐུན་འདིའི་བརྒྱུད་རིམ་ཧྲིལ་བོར་འགྱུར་ལྡོག་ཆེས་ཆེ་བའི་མི་དེ་སུ་ཡིན་ནམ། འགྱུར་ལྡོག་གང་འདྲ་ཞིག་བྱུང་ཡོད་དམ། B སྐུ་ཞབས་ཧན་མེར་ནི་མི་ཅི་འདྲ་ཞིག་རེད་དམ། ཁོས་སློབ་ཐུན་འདིར་གཟབ་ཆས་སྤྲས་པའི་རྒྱུ་མཚན་ག་རེ་རེད་དམ། C སྐུ་ཞབས་ཧན་མེར་གྱི་འགུལ་སྐྱོད་དང་ཉམས་འགྱུར་ལས་སྐུ་ཞབས་ཧན་མེར་གྱི་སེམས་ཁམས་གང་འདྲ་ཞིག་མཚོན་ཡོད་དམ། D བུ་ཆུང་ཧྥོ་ལང་ཧྲི་ཡིས་སྐུ་ཞབས་ཧན་མེར་ནི་སྙིང་རྗེ་བའི་མི་ཞིག་ཡིན་པར་བཤད་དོན་ཅི་ཡིན་ནམ། སྙིང་རྗེ་ཞེས་པའི་བསྟན་དོན་གང་ཡིན་ནམ། 【སྡོམ་ཆུང་】སློབ་ཐུན་ཧྲིལ་བོའི་ནང་དུ་སེམས་ཁམས་ལ་འགྱུར་ལྡོག་བྱུང་བ་ཆེས་མང་བའི་མི་ནི་བུ་ཆུང་ཧྥོ་ལང་ཧྲི་ཡིན་ཞིང་། ཤེས་མེད་རྣམ་གཡེང་ལ་སྤྲོ་བའི་བྱིས་པ་པྲ་ཚགས་ཤིག་ནས་རིམ་གྱིས་མི་རིགས་ཀྱི་སྐད་ཡིག་ལ་དུངས་ཤིང་མེས་རྒྱལ་ལ་དགའ་བའི་བྱིས་པ་བསམ་ཤེས་ཅན་ཞིག་ཏུ་གྱུར་བ་སྟེ། དེ་ཡོད་ཚད་ཀྱང་དགེ་རྒན་ཧན་མེར་གྱི་འགྲོ་སྐྱོད་བཤད་གསུམ་གྱི་རྣམ་འགྱུར་ལས་བྱུང་བ་ཡིན་ལ། དགེ་རྒན་ཧན་མེར་ཡང་སྔར་གྱི་ལྷོད་གཡེང་གི་རྣམ་འགྱུར་ལས་ལོག་སྟེ་གཟབ་ནན་གྱི་མི་ཞིག་ཏུ་གྱུར་བ་ནི་གཙོ་བོར་དབང་བསྒྱུར་མཁན་ལ་མི་དགའ་བ་དང་རྒྱལ་གཅེས་ཀྱི་འདུ་ཤེས་སད་པས་ཡིན་པ་དེ་རེད། 【འཕྲོས་རྟོག་གི་ཤེས་བྱ】 སློབ་ཚན་འདིར་ཧྥ་རན་སི་རྒྱལ་ཁབ་ཀྱི་སྐད་ཡིག་སློབ་པ་གཙོ་བོར་འཇོག་དོན་ཅི་ཡིན་པ་དང་། དེ་ནི་མཇུག་མཐའི་སློབ་ཐུན་ཞིག་ཏུ་འགྱུར་དོན་གང་ཡིན་ནམ་ཟེར་ན། སྐད་ཡིག་ནི་མི་རིགས་ཤིག་གི་མཚོན་རྟགས་དང་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་མི་རྣམས་ཀྱི་བསམ་བློ་ལྷན་དུ་སྦྲེལ་བྱེད་ཀྱི་ཟུངས་ཐག་ཉག་གཅིག་ཡིན་ལ། སྐད་ཡིག་གིས་མི་རྣམས་ལ་རང་གི་མི་རིགས་དང་རྒྱལ་ཁབ་མི་བརྗེད་པར་བྱེད་པ་མ་ཟད། མཐུན་སྒྲིལ་གཅིག་གྱུར་ཡོང་བ་བྱས་ཏེ་ཕྱིའི་བཙན་འཛུལ་བ་མཐར་སྤྲོད་གཏོང་བ་དང་མི་རིགས་བཅིངས་གྲོལ་འཐོབ་པར་བརྩོན་ལེན་ཡོང་བར་བྱེད་པ་ཡིན་པས། རང་གི་རྒྱལ་ཁབ་ཀྱི་སྐད་ཡིག་སློབ་རྒྱུ་ནི་གཙོ་གནད་ཡིན་པར་བསྟན་ཡོད། དེ་མཇུག་མཐའི་སློབ་ཐུན་ཞིག་ཏུ་འགྱུར་དོན་ནི་ཕུ་ལོ་ཧྲི་དམག་གིས་ཨར་ས་སིའི་ས་གནས་བདག་འཛིན་བྱས་རྗེས། ས་གནས་དེའི་མི་དམངས་ཀྱིས་རང་གི་རྒྱལ་ཁབ་དང་མི་རིགས་བརྗེད་ངེས་ཡོང་བར་བྱ་ཕྱིར་དང་། མི་རིགས་གཞན་འགྱུར་གྱི་སྲིད་ཇུས་ལག་བསྟར་བྱ་ཕྱིར་དང་། ས་གནས་དེ་གཏན་དུ་དབང་བསྒྱུར་ཡོང་བ་བྱ་ཕྱིར་བཙན་ཤེད་ཀྱིས་འཇར་མན་གྱི་སྐད་ཡིག་སློབ་དགོས་པའི་བཙན་ཁྲིམས་བཟོས་པས་རེད་ལ། གདུག་རྩུབ་ཀྱི་སྲིད་ཇུས་དེ་དང་། གཡོ་བྲིད་ཀྱི་ཐབས་ཇུས་དེས་ནི་ཧྥ་རན་སིའི་མི་དམངས་གཏན་དུ་བྲན་དུ་བསྒྱུར་འདོད་པས་རེད། ཟུར་བཤད་ཀྱི་རྒྱུ་ཆ། རང་རེའི་ས་གནས་འདི་ལའང་དེ་དང་ཆ་འདྲ་བའི་སྲིད་ཇུས་ཤིག་མངོན་དང་མི་མངོན་པའི་ངང་ནས་འབྱུང་བཞིན་ཡོད་དེ། བོད་ཡིག་བོད་སྐད་སློབ་པ་ལ་བཀག་རྒྱ་རབས་དང་རིམ་པར་བྱུང་སྟེ། མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་སྲོལ་ལས་བརྒལ་ཏེ་མི་རིགས་གཞན་འགྱུར་གྱི་སྐད་དང་ཡི་གེ་སྦྱོང་བའི་ཁྲིམས་སྲོལ་སྣ་ཚོགས་འབྱུང་བཞིན་པ་ལྟ་བུ་རེད། དེ་ན་ང་ཚོས་རང་སྐད་རང་ཡིག་ལ་སྦྱོང་བའི་སྤོབས་ཤུགས་དང་ལ་རྒྱ་མི་ཤོར་བར་བྱེད་རྒྱུ་ནི་མི་རིགས་གོང་སྤེལ་དང་ཡུན་གནས་ཀྱི་དམིགས་ཡུལ་གལ་ཆེན་ཞིག་ཡིན་ལ། རང་རིགས་ཀྱི་བླ་ན་མེད་པའི་སྲོལ་རྒྱུན་ཤེས་བྱ་མི་ཉམས་གོང་མཐོར་འགྲོ་བའི་འགན་འཁྲི་ལྡོག་མེད་ཅིག་ཀྱང་ཡིན་པ་ངེས་པར་དུ་ཤེས་དགོས་པའི་གནད་ཅིག་རེད། ༼ བཞི ༽སྤྱི་སྡོམ། ༼ ༡ ༽ བུ་ཆུང་ཧྥོ་ལང་ཧྲི་ཡི་འགྱུར་ལྡོག་མཚོན་པའི་རེའུ་མིག རྒྱུན་ལྡན་དུ། མཇུག་མཐའི་སློབ་ཐུན་སྟེང་། བཙན་འཛུལ་བར། སྣང་དོགས་མི་བྱེད་པ། སྡང་སེམས་དང་སྐྱོ་ཡུས་སྐྱེས་པ། དགེ་རྒན་ལ། སྐྲག་པ། ངོས་ཟིན་བྱུང་བ་དང་དད་གུས་སྐྱེས་པ། ཧྥ་རན་སིའི་སྐད་ཡིག་ལ། ཚིག་པ་ཟ་བ། གཙིགས་ཆེན་དང་བཀུར་བཟོ་བྱས་པ། ཧྥ་རན་སིའི་སྐད་ཡིག་ལ། འདུ་ཤེས་མེད་པ། བརྩེ་དུང་དྲག་པོ་སྐྱེས་པ། ༼ ༢ ༽ བུ་ཆུང་ཧྥོ་ལང་ཧྲི་ཡི་སེམས་ཁམས་ལ་འགྱུར་ལྡོག་བྱུང་བའི་རྒྱུ་རྐྱེན། A གདུག་རྩུབ་ཀྱི་ཁོར་ཡུག་ལ་ངོས་ཟིན་ཐེབས་པ། B སྐུ་ཞབས་ཧན་མེར་གྱི་བརྩེ་དུང་གི་ཤུགས་རྐྱེན་ཐེབས་པ། C ནང་སེམས་སུ་རྒྱལ་གཅེས་རིང་ལུགས་ཀྱི་དུངས་བརྩེ་ཡོད་པ། ༼ ༣ ༽ བུ་ཆུང་ཧྥོ་ལང་ཧྲི་ཡིས་རྩོམ་འདིའི་ནང་ཐོན་པའི་ནུས་པ། <1>གཏམ་རྒྱུད་ཀྱི་བྱུང་རིམ་སྦྲེལ་མཐུད་ཀྱི་ནུས་པ༼ཁུངས་སྣེ༽ <2>སྒྲུང་རྩོམ་གྱི་བརྗོད་སྙིང་གཏིང་ཟབ་ཏུ་བཏང་བའི་ནུས་པ། ༼ ༤ ༽བརྗོད་བྱ་གཙོ་བོ། སྒྲུང་རྩོམ་འདི་ལས་ཨར་ས་སི་ཞིང་ཆེན་གྱི་སློབ་ཆུང་སློབ་མ་བུ་ཆུང་ཧྥོ་ལང་ཧྲི་ཡིས་མཇུག་མཐའི་སློབ་ཐུན་གཅིག་གི་ཁྲོད་ཀྱི་མཐོང་ཐོས་དང་མྱོང་ཚོར་བརྒྱུད་ནས། རང་ས་ཤོར་བའི་ཧྥ་རན་སིའི་མི་དམངས་ཀྱི་སྐྱོ་སྡང་དང་མེས་རྒྱལ་ལ་བཅངས་པའི་བརྩེ་དུང་། མེས་རྒྱལ་གཅིག་གྱུར་ལ་བཅངས་པའི་སྲ་བརྟན་གྱི་རེ་བ་བཅས་དྲང་བོའི་སྒོ་ནས་མཚོན་པར་བྱས་ཤིང་། ཧྥ་རན་སི་མི་དམངས་ཀྱི་རྒྱལ་གཅེས་སྙིང་སྟོབས་ཕྱོགས་བསྡུས་ཀྱིས་བསྟན་ཡོད། 7 最后一课 课时设计 课堂实录7 最后一课 1第一学时 教学活动 活动1【讲授】མཇུག་མཐའི་སློབ་ཐུན་གཅིག༼སློབ་ཁྲིད་བཀོད་སྒྲིག༽ སློབ་ཚན་འདི་སློབ་ཐུན་གསུམ་གྱི་ནང་འཁྲིད་ཚར་བར་བྱ་རྒྱུ། སློབ་ཐུན་དང་པོར་ལོ་རྒྱུས་རྒྱབ་ལྗོངས་དང་རྩོམ་པ་པོའི་གནས་ཚུལ། སྒྲུང་རྩོམ་གྱི་སྒྲིག་གཞིའི་ཤེས་བྱ་ངོ་སྤྲོད་དང་འབྲེལ་མིང་ཚིག་གསར་བ་སློབ་རྒྱུ། འཆད་ཁྲིད་ཀྱི་ཐབས་སྤྱོད་རྒྱུ། སློབ་ཐུན་གཉིས་པར་སློབ་ཚན་ཀློག་འདོན་དང་འབྲེལ་ནས་བུ་ཆུང་ཧྥོ་ལང་ཧྲི་སློབ་གྲྭར་འགྲོ་བའི་ལམ་ཁའི་སེམས་ཀྱི་འཆར་སྣང་དང་། སློབ་ཁང་གི་རྒྱུན་ལྡན་མིན་པའི་སྣང་ཚུལ། དགེ་རྒན་ཧན་མེར་གྱི་སྐད་ཆ་དང་འགུལ་སྐྱོད། རྣམ་འགྱུར་བཅས་ལས་བུ་ཆུང་ཧྥོ་ལང་ཧྲི་ལ་ཐེབས་པའི་སེམས་ཁམས་ཀྱི་འགྱུར་ལྡོག་སོགས་བགྲོ་གླེང་དང་ཕྱོགས་སྟོན་བྱེད་པ། སློབ་ཐུན་གསུམ་པར་སློབ་ཐུན་གྲོལ་ཁ་མའི་སྣང་ཚུལ་དང་འབྲེལ་ནས་སློབ་ཚན་ཧྲིལ་བོའི་བརྗོད་བྱ་སྤྱི་སྡོམ་དང་མི་སྣའི་སྣང་བརྙན་བཞེངས་སྐྲུན་ཐད་ཀྱི་ཐབས་རྩལ་ངོ་སྤྲོད་བྱེད་པ། སྦྱང་བྱ་དང་འབྲེལ་ནས་སློབ་ཚན་གྱི་དཀའ་གཙོ་གནད་ལ་གོ་བ་ཆགས་ཡོད་མེད་དྲི་བ་འདོན་པ་བཅས་སོ། ༡.《མཇུག་མཐའི་སློབ་ཐུན་གཅིག》ནི་ཕུ་ཧྥ་དམག་འཁྲུག་མཚམས་བཞག་ནས་ལོ་་་གཉིས་པ་སྟེ་༡༨༧༢ལོར་བྲིས་པ་ཡིན། ༡༨༧༠ ལོའི་ཟླ་༧ཚེས་༡༩ཉིན་བསླངས་པའི་ཧྥ་རན་སི་དང་ཕུ་རུ་སེན་གྱི་དམག་འཁྲུག་ནི་ཧྥ་རན་སིས་བསླངས་པ་ཡིན། ཧྥ་རན་སིའི་གོང་མ་ན་ཕོ་ལུང་ཁྲི་རབས་གསུམ་པས་ཕུ་རུ་སེན་གྱིས་དམག་ཤུགས་བཀོལ་ནས་ཏི་དབྱི་ཀྲི་མནའ་འབྲེལ་སོ་སོ་གཅིག་གྱུར་་་་བྱེད་པའི་བྱ་འགུལ་བཀག་འགོག་དང་། ཡོ་རོབ་གླིང་གི་ཧྥ་རན་སིའི་བཙན་དབང་སྲུང་སྐྱོབ་བྱེད་ཆེད་དུ་དམག་འཁྲུག་ཐེངས་འདི་་བསླངས་པ་རེད། མཐར་ཧྥ་རན་སིའི་དམག་ཕམ་ནས་མགོ་བཏགས། ཕུ་རུ་སེན་གྱི་དམག་ གིས་ཐད་ཀར་དུ་ཕ་རི་སི་(巴黎)བསྐོར། ཧྥ་རན་སིའི་འབྱོར་ལྡན་གྲལ་རིམ་སྲིད་ གཞུང་གིས་རྒྱལ་འཚོང་སྲིད་ཇུས་ལག་བསྟར་་བྱས་ནས་ཕུ་རུ་སེན་དང་ཞི་ཆིངས་བཞགཔ་་་་་དང་། ཧྥ་སྒོ་དུང་ཕྱུར་༥༠ ཡི་གསབ་དངུལ་སྤྲད་པ་རེད། དེ་ནས་བཟུང་སྟེ་ཨར་ས་སི་དང་ལོ་ལིན་ཤར་ཁུལ་གྱི་ཧྥ་རན་་མི་དམངས་ནི་དབང་ཤོར་རྒྱལ་ཕུང་གི་གནས་སུ་ལྷུང་། སྒྲུང་གཏམ་་་འདིའི་མཚོན་བྱ་ནི་ཨར་ས་སིའི་དབང་ཆ་ཤོར་རྗེས། ཕུ་རུ་སེན་གྱི་བཙན་འཛུལ་པས་བཙན་ཤེད་ཀྱིས་ཧྥ་རན་སིའི་སྐད་ཡིག་ཁྲིད་དུ་མ་བཅུག་སྟབས། ས་དེའི་མི་དམངས་ཀྱིས་དགྲ་བོར་སྡང་སེམས་སྐྱེས་པ་དང་རྒྱལ་གཅེས་འདུ་ཤེས་སྐྱེད་པ་ཡིན་ནོ།། ༢.རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས། ཨར་ཧྥིན་སི·ཏུའུ་ཏེ(༡༨༤༠ནས༡༨༩༧)ནི། དུས་རབས་བཅུ་དགུ་བའི་སྐབས་ཀྱི་ཧྥ་རན་སིའི་སྒྲུང་གཏམ་རྩོམ་པ་པོ་སྐད་གྲགས་ཅན་ཞིག་ཡིན། ཁོང་གིས《གཟའ་ཟླ་བའི་གཏམ་རྒྱུད》དང་《ཏ་ལེ་སི་ལི》སོགས་སྒྲུང་གཏམ་རིང་མོ་༡༢དང་། སྒྲུང་ཐུང་༤བརྩམས་ཡོད། ༡༨༧༠ལོར་ཕུ་ཧྥ་དམག་འཁྲུག་ལངས་ནས་ཏུའུ་ཏེ་ཡང་དམག་ལ་ཞུགས། རྗེས་སུ་སྔར་གྱི་ དམག་འཁྲུག་གི་འཚོ་བ་བརྗོད་བྱ་བྱས་པའི་སྒྲུང་གཏམ་བརྩམས་ཆོས་མི་ཉུང་བ་ཞིག་བརྩམས་མྱོང་། 《མཇུག་མཐའི་སློབ་ཐུན་གཅིག》ཅེས་པ་འདི་ནི་ཁོང་གི་གཏམ་རྒྱུད་ཐུང་གྲས་ཀྱི་མཚོན་བྱེད་རྩོམ་ཡིག་ཅིག་ཡིན། འཛམ་གླིང་ཡོངས་སུ་ཁྱབ་རྒྱ་ཆེ་ཞིང་། རྒྱལ་ཁབ་མི་ཉུང་བ་ཞིག་གིས་སྲོལ་རྒྱུན་གྱི་སྐད་ཡིག་སློབ་གཞི ་ རུ་བདམས་ཡོད། སྒྱུ་རྩལ་མཚོན་ཐབས་ཀྱི་ཁྱད་ཆོས། ༡ ཆུང་བ་བརྒྱུད་ནས་ཆེ་བ་མཚོན་པར་བྱས་པ། ༢ སྐད་ཆ་དང་འགུལ་སྐྱོད། ཉམས་འགྱུར། སེམས་ཁམས་བརྒྱུད་དེ་མི་སྣའི་སྣང་བརྙན་མཚོན་པར་བྱས་པ། གཉིས་པ། སློབ་ཚན་དངོས། སློབ་ཚན་གྱི་ཁ་བྱང་འགྲེལ་བ། 【མཇུག་མཐའི་སློབ་ཐུན་གཅིག】__རྒྱལ་ཁབ་ཕུང་བའི་ཨར་ས་སིའི་མིའི་མཐའ་མཇུག་གི་ཧྥ་རན་སིའི་སྐད་ཀྱི་སློབ་ཐུན་གཅིག་ཅེས་པ་ལ་གོ། ༼གཅིག༽ ཚན་ཁག་དབྱེ་ཞིབ། ཚན་ཁག་དང་པོར། སློབ་གྲྭར་མ་སོང་བའི་སྔ་རོལ་བྲིས་པ་སྟེ། དེ་ནི་གཏམ་རྒྱུད་ཀྱི་མགོ་ཚུགས་པ་ཡིན། བུ་ཆུང་ཧྥོ་ལང་ཧྲི་ཡི་དགའ་སྣང་བྲིས་ཏེ་སྐྱོ་སྣང་མཚོན་པར་བྱས་པ་དེས། དགེ་རྒན་ཧན་མེར་གྱི་བྱུང་བ་ལ་གཏན་འཁེལ་རང་བཞིན་གྱི་ཡུལ་སྣང་བཀོད་སྒྲིག་བྱས་ཤིང་། སློབ་ཁྲིད་ཀྱི་ཉམས་སྣང་ལ་སྐྱོ་གདུང་གི་ཁ་དོག་ཟབ་མོ་ཞིག་བསྣན་ཏེ། གཏམ་རྒྱུད་ཀྱི་རྒྱབ་ལྗོངས་མཚོན་པར་བྱས་ཡོད། ཚན་ཁག་གཉིས་པར། སློབ་ཁྲིད་ཀྱི་སྔ་རོལ་བྲིས་པ་སྟེ། དེ་ནི་བྱུང་རིམ་གྱི་འབྱུང་ཁུངས་ཡིན། སློབ་གྲྭའི་ཁོར་ཡུག་གི་རྒྱུན་ལྡན་དང་མི་འདྲ་བའིི་ཡུལ་སྣང་ངོ་སྤྲོད་བྱས་པ་བརྒྱུད་དེ་གོམ་གང་མདུན་སྤོས་ཀྱིས་གཏམ་རྒྱུད་ཀྱི་བྱུང་རིམ་འཕེལ་རྒྱས་ལ་རྨང་གཞི་བཏིང་ཡོད། ཚན་ཁག་གསུམ་པར། མཇུག་མཐའི་སློབ་ཐུན་གཅིག་བྲིས་པ་བརྒྱུད་དེ། བྱུང་རིམ་འཕེལ་རྒྱས་སུ་ཕྱིན་པའི་རྣམ་པ་མཚོན་པར་བྱས་ཤིང་། དགེ་རྒན་ཧན་མེར་གྱི་གཤིས་ཀའི་ཁྱད་ཆོས་ཕྱོགས་ཡོངས་ནས་མཚོན་པར་བྱས་ཡོད། ཚན་ཁག་བཞི་བར། སློབ་ཁྲིད་གྲོལ་བའི་དུས་སྐབས་བྲིས་པ་སྟེ། དེ་ནི་བྱུང་རིམ་གྱི་མཐོ་རླབས་ཡིན་ལ། གཏམ་རྒྱུད་ཀྱི་མཇུག་བསྡུ་ཡང་ཡིན་པས། སྒྲུང་རྩོམ་གྱི་བསྟན་དོན་ཟབ་ནས་ཟབ་ཏུ་ཕྱིན་ཏེ། ཀུན་རྟོག་གི་འཕྲོ་འདུ་ཡོངས་སུ་མཆེད་པའི་འདུ་ཤེས་ཀྱི་ཉིང་བཅུད་མཚོན་པར་བྱས་ཡོད། ཚན་ཁག་དང་པོ། ༡ནས་༦བར། སློབ་གྲྭར་འགྲོ་བའི་ལམ་བར་དུ། གཏམ་རྒྱུད་ཀྱི་དབུ་བསླངས་པ། ཚན་ཁག་གཉིས་པ། ༧ནས་༡༠བར། སློབ་ཁྲིད་ཀྱི་སྔ་རོལ། བྱུང་རིམ་གྱི་མགོ་ཚུགས་པ། ཚན་ཁག་གསུམ་པ། ༡༡ནས་༢༣བར། སློབ་ཁྲིད་ཀྱི་དུས་སྐབས། བྱུང་རིམ་འཕེལ་རྒྱས་སུ་སོང་བ། ཚན་ཁག་བཞི་བ། ༢༤ནས་༢༩བར། སློབ་ཁྲིད་གྲོལ་རྗེས། བྱུང་རིམ་གྱི་མཐོ་རླབས་དང་མཇུག་བསྡུ། ༼གཉིས༽ དཀའ་གཙོ་གནད་དང་འབྲེལ་ནས་སློབ་ཚན་དངོས་ཀྱི་བསྟན་བྱ་བགྲོ་གླེང་བྱེད་པ། ༡ བུ་ཆུང་ཧྥོ་ལང་ཧྲི་སློབ་གྲྭར་འགྲོ་བའི་ལམ་བར་གྱི་ཁོར་ཡུག་ཞིབ་འབྲི་དེ་ལས། ཞིབ་འབྲི་གང་དག་གིས་ང་ཚོར་བུ་ཆུང་ཧྥོ་ལང་ཧྲི་ཡི་འཚོ་བའི་ཁོར་ཡུག་མཚོན་པར་བྱས་ཤིང་། ཞིབ་འབྲི་གང་དག་གིས་བུ་ཆུང་ཧྥོ་ལང་ཧྲི་ཡི་བསམ་བློ་དང་གཤིས་ཀ་མཚོན་པར་བྱས་ཡོད། ༼ཟུར་མཆན༽ བུ་ཆུང་ཧྥོ་ལང་ཧྲི་ཡི་འཚོ་བའི་ཁོར་ཡུག་མཚོན་པ་ལ་འབྲི་སྟངས་གཉིས་ཀྱིས་གཏམ་རྒྱུད་ཀྱི་བྱུང་བར་དཔེ་མཚོན་གྱི་ཁོར་ཡུག་བསྐྲུན་ཡོད་དེ། གཅིག་ནི་གསལ་བྲིས་ཡིན། ༼ཤིང་གཤག་བཟོ་གྲྭའི་རྒྱབ་ཀྱི་སྤང་ཐང་ན་ཕུ་རུ་སེན་གྱི་དམག་མིས་དམག་རྩལ་སྦྱོང་བཞིན་པ༽ དེ་ཡིས་གཏམ་རྒྱུད་འདི་ནི་ཕུ་ཧྥ་དམག་འཁྲུག་བྱུང་རྗེས་ཀྱི་དོན་ཞིག་ཡིན་པ་གསལ་བོར་བསྟན་ལ། ཕི་ལོ་ཧྲི་ཡིས་དབང་བསྒྱུར་བྱས་པའི་ཧྥ་རན་སི་ཡི་ས་ཁོངས་སུ། ཕུ་ལོ་ཧྲིའི་དམག་ནི་ས་གནས་ཀྱི་བདག་པོ་ཇི་བཞིན་འགུལ་སྐྱོད་བྱེད་བཞིན་པའི་རྣམ་པ་བསྟན་ཡོད། གཉིས་ནི་ལྐོག་བྲིས་ཡིན། ༼བསྒྲགས་ཡིག་སྦྱར་བྱང་ཞིག་གི་མདུན་དུ་མི་མང་པོ་འདུས་ཡོད་པ་མཐོང་། ཉེ་བའི་ལོ་གཉིས་ཀྱི་རིང་གི་གཏམ་ངན་སྣ་ཚོགས་ཏེ། གཡུལ་ལས་ཕམ་ཟིན་ཟེར་བ་དང་། དམག་བསྡུ་གཡུལ་སྐྱོད་བྱེད་དགོས་ཟེར་བ། དེ་བཞིན་བཀོད་འདོམས་ཁང་གི་བཀའ་རྒྱ་སྣ་ཚོགས་ནི་དེ་ག་ནས་ཕྱིར་བསྒྲགས་བྱེད་ཀྱིན་ཡོད།༽ སྐད་ཆ་ཐུང་ངུ་འདིས་ཕུ་ཧྥ་དམག་འཁྲུག་གི་བརྒྱུད་རིམ་ཤུགས་བསྟན་བྱས་ཡོད་པ་སྟེ། བུ་ཆུང་ཧྥོ་ལང་ཧྲི་ཡི་འཚོ་བའི་ཁོར་ཡུག་ནི་དེ་འདྲའི་རྣམ་པ་ཞིག་ཡིན་པ་བསྟན། བུ་ཆུང་ཧྥོ་ལང་ཧྲི་ཡི་བསམ་བློ་དང་གཤིས་ཀ་མཚོན་པའི་ཚིག་ནི་འདི་ལྟ་སྟེ། ༼༡༽ སློབ་གྲྭར་འགྲོ་འཕྱི་བས། ༼དྲིས་ལན་ཡིག་འབྲུ་གཅིག་ཀྱང་འདེབས་མི་ཤེས་པ༽__ དེ་ཡིས་བུ་ཆུང་ཧྥོ་ལང་ཧྲི་སློབ་སྦྱོང་ལ་མི་དགའ་བ་མཚོན་པ། ༼༢༽ ༼ཕྱི་རོལ་དུ་རྩེ་བར་ཕྱིན༽ན་དགའ་བ། དེ་ནི་༼དབྱེ་ཚིག་གི་འཇུག་ཚུལ་ལས་ཡིད་འཕྲོག་ཅིང་སྤྲོ་སྣང་འཕེལ་བ་ཞིག་༽ཡིན་པ།__ དེ་ཡིས་བུ་ཆུང་ཧྥོ་ལང་ཧྲི་རྣམ་གཡེང་དང་རྩེ་རྒྱུར་དགའ་བ་མཚོན་པ། ༼༣༽ འཇོལ་མོས་གསུང་སྙན་སྒྲོག་པ། ཕུ་ལོ་ཧྲིའི་དམག་གིས་དམག་རྩལ་སྦྱོང་བཞིན་པ་སོགས་ཀྱང་སྤྲོ་སྣང་འབེལ་བ་ཞིག་ཡིན་པ། __ དེ་ཡིས་བུ་ཆུང་ཧྥོ་ལང་ཧྲི་ཡི་ཤེས་མེད་དང་བྱིས་བློ་མཚོན་པ། ༼༤༽ ཡིན་ནའང་བུ་ཆུང་ཧྥོ་ལང་ཧྲི་ནི་མ་རབས་ཤིག་མིན་པ་སྟེ། ༼རང་གཅུན་བྱེད་ཐུབ་པས། མྱུར་དུ་སློབ་གྲྭའི་ཕྱོགས་སུ་རྒྱུགས་པ༽ __ དེ་ཡིས་ད་གཟོད་རྗེས་ཀྱི་ཁོའི་བསམ་བློར་འགྱུར་ལྡོག་བྱུང་ནས་གློ་བུར་དུ་རྨོངས་གཉིད་ལས་སད་པའི་རྣམ་པ་དེ་བྱུང་བར་རྨང་བཏིང་ཡོད། ༢ སློབ་ཁྲིད་སྔོན་གྱི་ཞིབ་འབྲི་གང་དག་གིས་གཟབ་ནན་གྱི་རྣམ་པ་གང་འདྲ་ཞིག་མཚོན་པར་བྱས་ཤིང་། ཞིབ་འབྲིའི་རྣམ་པ་གང་དག་ལ་གཟབ་ནན་གྱི་ཁ་དོག་སྟུག་པོས་གཡོགས་ཡོད་པ་དང་། རྣམ་པ་དེ་དག་གིས་གཏམ་རྒྱུད་བྱུང་རིམ་གྱི་འཕེལ་རྒྱས་ལ་ནུས་པ་གང་འདྲ་ཐོན་ཡོད་དམ། ༼ཟུར་མཆན༽ ཞིབ་འབྲི་དེ་དག་གིས་རྒྱུན་ལྡན་མིན་པའི་གཟབ་ནན་གྱི་རྣམ་པ་ཞིག་མཚོན་པར་བྱས་ཡོད་ལ། དེ་ཡང་ཞིབ་འབྲིའི་རྣམ་པ་འདི་ལྟ་སྟེ། ༼༡༽ ༼ནམ་རྒྱུན་སློབ་ཁྲིད་ཀྱི་མགོ་བརྩམས་པའི་ཚེ། སྐད་ཅོར་ལ་སོགས་པའི་འུར་སྒྲས་ཁེངས་པ༽་ཞིག་ཡིན་མོད། དེ་རིང་། ༼ཡོད་ཚད་འཇམ་ཐིང་ཐིང་དང་ཁུ་སིམ་མེར་ ༽ ཡོད་པ། ༼༢༽ སྔོན་ཆད་དགེ་རྒན་གྱི་ཁྲིད་དབྱུག་དང་བཀའ་བཀྱོན་ཉོ་དགོས་པ་ཡིན་མོད། དེ་རིང་། ༼བྱམས་བརྩེ་ལྡན་པའི་ངང༽ནས་ཧྥོ་ལང་ཧྲི་སྡོད་དུ་བཅུག་པ། ༼༣༽ རྒྱུན་གཏན་དུ་དགེ་རྒན་གྱི་གཟབ་གོས་དེ་དག་༼བྱ་དགའ་གནང་བའི་སྐབས་སུ་མ་གཏོགས་མི་གྱོན་༽མོད། དེ་རིང་། དགེ་རྒན་གྱིས་གཟབ་གོས་སྤྲས་ཡོད་པ། ༼༤༽ ནམ་རྒྱུན་༼སྟོང་བར་ལུས་པའི་གྲལ་མཇུག་གི་རྐུབ་སྟེགས་༽སྟེང་དུ། དེ་རིང་༼གྲོང་བརྡལ་གྱི་མི་རྣམས་བསྡད༽ཡོད་པ། གཟབ་ནན་གྱི་རྣམ་པ་འདི་དག་གིས་གོམ་གང་མདུན་སྤོས་ཀྱིས་གཏམ་རྒྱུད་བྱུང་བའི་ཁོར་ཡུག་ངོ་སྤྲོད་བྱས་ཤིང་། དེ་ཡང་དོགས་གཟབ་ཅིག་གི་རྣམ་པས་བྲིས་ཏེ། འདི་ནི་མཇུག་མཐའི་སློབ་ཐུན་གཅིག་ཡིན་པའི་ཁོར་ཡུག་བསྐྲུན་ཡོད། ༣ སློབ་ཁྲིད་ཀྱི་སྔ་རྗེས་སུ་བུ་ཆུང་ཧྥོ་ལང་ཧྲི་ཡི་སེམས་ཁམས་ལ་འགྱུར་ལྡོག་ག་འདྲ་བྱུང་བ་དང་། འགྱུར་ལྡོག་དེ་དག་གི་ཁྲོད་ནས་ཁོའི་བསམ་བློ་ཇི་ལྟར་རྨོངས་གཉིད་ལས་སད་པ་མཚོན་པར་བྱས་ཡོད་དམ། ༼ཟུར་མཆན༽ སློབ་ཁྲིད་ཀྱི་སྔ་རོལ་དུ། རྒྱུན་ལྡན་མིན་པའི་གཟབ་ནན་གྱི་རྣམ་པའི་ཁྲོད་ནས། དང་ཐོག་ཁོ་ལ་བསམ་ཡིད་ལས་འདས་པའི་སྣང་བ་སྐྱེས་པ། བར་དུ་ནོངས་འགྱོད་སྐྱེས་པ། མཐའ་མར་ཡ་མཚན་སྐྱེས་པ། སློབ་ཁྲིད་ཀྱི་དུས་སུ། དགེ་རྒན་གྱིས་འདི་ནི་མཇུག་མཐའི་སློབ་ཐུན་གཅིག་ཡིན་པར་བསྒྲགས་དུས། ཁོ་ལ་༼རང་དབང་མེད་པར་སྡུག་བསྔལ་གྱིས་རབ་ཏུ་གདུངས་པར་གྱུར་༽བ་དང་། དེར་མཐུད་ནས་སླར་ཡང་༼ཀྱེ་མ་སྙིང་རེ་རྗེ༽་བའི་བསམ་ཚུལ་བྱུང་སྟེ། ཁོའི་མེས་རྒྱལ་ལ་དགའ་བའི་དུངས་བརྩེ་དྲག་ཏུ་འཁོལ་ཞིང་། བཙན་འཛུལ་བར་སྡང་བའི་སེམས་ཁམས་དྲག་ཏུ་གཡོས། ཁོས་སྐུ་ཞབས་ཧན་མེར་༼རྐུབ་སྟེགས་ཐོག་ཏུ་འགུལ་ཙམ་ཡང་མི་བྱེད་པར་༽སྡོད་པའི་རྣམ་འགྱུར་དེ་མཐོང་བས། དགེ་རྒན་ལ་སྙིང་རྗེ་སྐྱེས་པ། སློབ་ཁྲིད་གྲོལ་དུས་སུ། ཁོ་རང་དགེ་རྒན་ལ་སེམས་བསམ་པའི་དད་གུས་བྱུང་བ་སྟེ། ༼ཁོང་ཉིད་འདི་འདྲའི་བརྗིད་ཉམས་ལྡན་པ་ཞིག་ཡིན་༽པ་ཚོར་བ། སྐུ་ཞབས་ཧན་མེར་གྱི་མི་སེམས་འགུལ་བའི་སློབ་གསོའི་ཁྲོད་དུ། བུ་ཆུང་ཧྥོ་ལང་ཧྲི་མྱུར་སྟབས་ཀྱིས་འཚར་ལོངས་བྱུང་བ་དང་། མྱུར་སྟབས་ཀྱིས་རྨོངས་གཉིད་ལས་སད་པ་སྟེ། ཐོག་མར་སད་པ་ནི་ཁོའི་མི་རིགས་འདུ་ཤེས་ཀྱི་རྟོགས་སད་ཡིན། ༼ཨ་ཁ། མི་ངན་དེ་ཚོས་གྲོང་བརྡལ་གྱི་གཞུང་ལས་ཁང་གི་སྦྱར་བྱང་སྟེང་དུ་བཀོད་པའི་དོན་ནི་འདི་ཡིན་པ་རེད༽_༼དེ་ནི་ད་གཟོད་ཡིད་འཕྲོག་ཅིང་སྤྲོ་སྣང་སྐྱེ་བ་ཞིག་མིན་པ་ཚོར་བ༽ དེར་མཐུད་ནས་སློབ་སྦྱོང་གི་རིན་ཐང་རྟོགས་པ། ༼འདི་ནི་ངའི་ཧྥ་རན་སིའི་སྐད་ཡིག་གི་མཇུག་མཐའི་སློབ་ཐུན་གཅིག་རེད་ཨང་༽ ཞེས་པ་དང་། ༼ད་ནས་བཟུང་སྟེ་ངས་ཧྥ་རན་སིའི་སྐད་ཡིག་སྦྱོང་བའི་སྐལ་བ་ཆད་སོང་༽ཞེས་པ། དཔེ་ཆའི་ཐད་ནས། ༼དཔེ་ཆ་དེ་དག་རང་གི་བློས་ཐུབ་ཀྱི་གྲོགས་པོ་དང་མཚུངས་པར་ལག་ནས་འབྲལ་མི་ཕོད་པར་གྱུར་བ༽_༼དེ་དག་གིས་ད་གཟོད་“སློབ་བྱོལ” བྱེད་མི་འདོད་པ་དང་། དཔེ་ཆ་ལ་“ཚིག་པ” ཟ་བ་ནས་དགའ་བའི་བསམ་བློ་སྐྱེས་པ༽མཚོན། དེ་རྗེས་མེས་རྒྱལ་གྱི་སྐད་ཆ་དང་མེས་རྒྱལ་ལ་དགའ་བའི་འདུ་ཤེས་སྐྱེས་པ། དགེ་རྒན་ཧན་མེར་གྱིས་ཡི་གེའི་མ་ཕྱི་གསར་བ་ཞིག་གནང་བའི་ཐོག་ན༼དབྱིབས་ཟླུམ་པོ་ཅན་གྱི་ཡིག་གཟུགས་ཡིད་དུ་འོང་བ་འཁོད་འདུག་པ༽དང་། ༼རྒྱལ་དར་ཆུང་ཆུང་མང་པོ་ལྷབ་ལྷུབ་ཏུ་བསྐྱོད་བཞིན་པ༽སོགས་ལས་མཚོན་ཐུབ། མཇུག་མཐར་དགེ་རྒན་ལ་དད་གུས་དང་ཤ་ཞེན་སྐྱེས་པ་སྟེ། ༼སླར་ཡང་ཞལ་མཇལ་ཡོང་རྒྱུ་ནི་ཉིན་མོའི་སྐར་མ་དང་མཚུངས༽པ་དང་། ༼ང་ལ་ཆད་པ་བཅད་པ་དང་ཁྲིད་དབྱུག་གིས་རྡེག་པའི་ཚུལ་རྣམས་ཀྱང་མ་ལུས་པར་ཡལ་བ།༽ ༼སང་ཉིན་ཁོང་ཚོ་ས་ཆ་འདི་དང་གཏན་བྲལ་བྱེད་དགོས་པ༽ ༼ངས་ད་བར་དུ་ཁོང་ཉིད་འདི་འདྲའི་བརྗིད་ཉམས་ལྡན་པ་ཞིག་ཡིན་པ་མཐོང་མ་མྱོང་བ༽སོགས་ཀྱིས་བསྟན་ཡོད། མཇུག་མཐའི་སློབ་ཐུན་གཅིག་གིས་བུ་ཆུང་ཧྥོ་ལང་ཧྲི་ཡི་བླ་སྲོག་གཏིང་རིམ་དུ་ཆེས་ཟབ་པའི་བག་ཆགས་བཞག་པ་དང་། ཆེས་གསལ་བའི་དྲན་པ་བཞག་པ་དག་ནི་གསོན་ཉམས་ལྡན་པའི་སྣང་བརྙན་བཞེངས་བསྐྲུན་ལས་མཚོན་པར་བྱས་ཡོད། ༤ རྩོམ་པ་པོས་ཕྱོགས་གང་ཐད་ནས་སྐུ་ཞབས་ཧན་མེར་ཞིབ་འབྲི་བྱས་ཡོད་པ་དང་། སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་བོར། སྐུ་ཞབས་ཧན་མེར་གྱི་བརྩེ་དུང་ལ་འཕར་འདེགས་གང་འདྲ་བྱུང་བ་དཔེ་བཞག་ནས་ཤོད་དང་། ༼ཟུར་མཆན༽ དགེ་རྒན་ཧན་མེར་གྱི་ཞིབ་འབྲི་ནི་བུ་ཆུང་ཧྥོ་ལང་ཧྲི་ཡི་མཐོང་སྣང་སྤྱད་ནས་བྲིས་པ་ཞིག་ཡིན་པས། སྒྲུང་རྩོམ་དུ་བུ་ཆུང་ཧྥོ་ལང་ཧྲི་ཞིབ་འབྲི་བྱས་པ་བཞིན་གྱི་སེམས་ཁམས་ཞིབ་འབྲི་སོགས་ཀྱི་བྱེད་ཐབས་སྤྱད་མེད་པར་གཙོ་བོར་བྱད་གཟུགས་རྣམ་འགྱུར་ཞིབ་འབྲི་དང་། འགུལ་སྐྱོད་ཞིབ་འབྲི།༼ང་ཡི་མཐོང་སྣང་སྤྱད་ནས༽ མི་སྣའི་སྐད་ཆ་ཞིབ་འབྲི་༼ང་ཡི་ཉན་སྣང་བརྒྱུད་ནས༽སོགས་བརྒྱུད་ནས་བྲིས་ཡོད། དཔེར་ན། དགེ་རྒན་ཧན་མེར་གྱི་རྣམ་འགྱུར་འབྲི་སྐབས། ༼དགེ་རྒན་ཧན་མེར་རྐུབ་སྟེགས་ཐོག་ཏུ་འགུལ་ཙམ་ཡང་མི་བྱེད་པར་ཁོར་ཡུག་གི་དངོས་པོ་དག་ལ་ཅེ་རེར་གཟིགས་འདུག་པ་དེ་ནི། སློབ་ཁང་ཆུང་ཆུང་འདིའི་ནང་དུ་ཡོད་པའི་དངོས་པོ་མཐའ་དག་གཅིག་ཀྱང་མ་ལུས་པར་ཁོང་གི་མིག་ནང་དུ་བསྡུས་ནས་འཁྱེར་འདོད་པ་ལྟར་སྣང་༽ཞེས་བྲིས་པ་ལས་ཁོའི་མི་ཚེ་གང་བོ་སློབ་གསོའི་ལས་དོན་ལ་ཕུལ་བའི་རྫོགས་མེད་ཀྱི་ཞེན་ཆགས་མཚོན་པར་བྱས་ཡོད་ལ། མེས་རྒྱལ་དང་ཕ་སར་བཅངས་པའི་དུངས་བརྩེ་རྨ་མེད་པ་དེ་བསྟན་ཡོད། འགུལ་བསྐྱོད་འབྲི་སྐབས། ༼ཁོང་སྒོ་སམ་གྱི་ཕྱོགས་སུ་སོང་སྟེ་ས་སྨྱུག་ཅིག་བླངས་ནས་སྟོབས་ཤུགས་ཡོད་རྒུས་ཡིག་འབྲུ་ཆེན་པོ་འགའ་འདི་ལྟར་བྲིས…༽ཞེས་པ་དང་། ༼དེ་ལྟར་ཧད་དེ་ལུས་ཤིང་། དབུ་རྩིག་ངོས་སུ་བསྙེས་ནས་ཅི་ཡང་མི་གསུངས་པར…༽ ༼ཕྱག་བརྡ་གནང་བྱུང་༽སོགས་བྲིས་པ་ལས་འགུལ་བསྐྱོད་འདི་དག་ནི་རྡོ་བརྐོས་སྣང་བརྙན་ཞིག་དང་འདྲ་བར་སྐུ་ཞབས་ཧན་མེར་གྱི་རྒྱལ་གཅེས་པ་ཞིག་གི་རླབས་ཆེའི་སྣང་བརྙན་བསྐྲུན་ཡོད། མི་སྣའི་སྐད་ཆ་ཞིབ་འབྲིའི་ཐད་ནས། ༼ང་ཚོས་ཅིས་ཀྱང་སྐད་ཡིག་དེ་ཡིད་ལ་དམ་པོར་བཅངས་ནས་དུས་གཏན་དུ་བརྗེད་མི་རུང་། རྒྱལ་ཁབ་ཕུང་ནས་བྲན་དུ་གྱུར་བའི་མི་དམངས་ལ་ཆ་མཚོན་ན། རང་ཉིད་ཀྱི་སྐད་ཡིག་དེ་སྙིང་ཁོང་དུ་བསྲེལ་བར་བྱས་ན་ནི། བཙོན་སྒོ་འབྱེད་པའི་ལྡེ་མིག་ལག་ཏུ་འབྱོར་བ་དང་མཚུངས་པ་ཡིན༽ཞེས་བྲིས་པ་ལས་རྒྱལ་གཅེས་ཀྱི་བརྩེ་དུང་རླབས་བཞིན་བརྡོལ་བ་ལས་གཞན་རང་གི་སློབ་མ་རྣམས་ལ་བཅངས་པའི་མཐའ་མེད་ཀྱི་རེ་བ་དང་། ད་དུང་མི་རིགས་དང་རྒྱལ་ཁབ་ཀྱི་འབྱུང་འགྱུར་ལ་བཅངས་པའི་སྲ་བརྟན་གྱི་ཡིད་ཆེས་ཀྱང་མཚོན་པར་བྱས་ཡོད། སློབ་ཁྲིད་མགོ་བརྩམས་པ་ནས། སྐུ་ཞབས་ཧན་མེར་གྱིས་༼ཞི་འཇམ་༽དང་༼གཟབ་ནན་༽གྱི་ངང་ནས་སྐད་ཆ་ཤོད་མགོ་ཚུགས་པ་རེད། ༼ཞི་འཇམ༽གྱིས་ཁོ་རང་གིས་མེས་རྒྱལ་དང་སྤུན་ཟླ་དང་སློབ་མ་རྣམས་ལ་བཟུང་བའི་མདང་བརྩེ་བསྟན་ཞིང་། ༼གཟབ་ནན༽གྱིས་ཁོའི་རྒྱལ་ཁབ་ཕུང་བའི་སྡུག་བསྔལ་གྱི་སེམས་ཁམས་མཚོན་པར་བྱས་ཡོད་ལ། དེ་ཡིས་ཁོས་རང་གི་མཇུག་མཐའི་སློབ་ཐུན་འདི་ལ་བཅངས་པའི་གཟབ་ནན་གྱི་འདུ་ཤེས་ཀྱང་བསྟན་ཡོད། ཁོས་རང་གི་ལྷད་མེད་པའི་བརྩེ་དུང་དང་། འཁྲེང་ཞེན། གྱེས་བྲལ་གྱི་དུངས་ཚོར་ངང་ནས་ཁོའི་མཐའ་མཇུག་གི་སློབ་ཐུན་གཅིག་མགོ་བརྩམས་ལ། བུ་ཆུང་ཧྥོ་ལང་ཧྲི་ཡིས་དཔེ་ཆ་བློར་འདོན་མ་ནུས་པའི་སྐབས་སུ། ཁོས་སློབ་མར་བཀའ་བཀྱོན་མི་གནང་བ་མ་ཟད་ད་དུང་དེ་ལས་ཀྱང་སྐྱོ་བའི་བསམ་གཞིག་བཏང་སྟེ། ༼འདི་ནི་ཨར་ས་སིའི་མི་རྣམས་ཀྱི་ཆེས་ཆེ་བའི་ཆག་སྒོ་༽ཡིན་པ་བསྟན་ཏེ། རང་གི་ནོར་འཁྲུལ་ལ་ངོས་ལེན་དང་རང་སྐྱོན་རང་བརྗོད་བྱས་ཡོད་ལ། དེ་ཡིས་ཁོའི་བླ་མེད་ཀྱི་འགན་འཁྲིའི་འདུ་ཤེས་དང་གཏིབ་ཟབ་པའི་མེས་རྒྱལ་གྱི་དུངས་བརྩེ་མཚོན་པར་བྱས་ཡོད། དེ་དང་འབྲེལ་ནས་ཕུ་ལོ་ཧྲིའི་དབང་བསྒྱུར་བས་མི་རིགས་གཞན་བསྒྱུར་གྱི་དྲག་གནོན་སྲིད་ཇུས་བཏོན་པ་ལ་ཁ་གཏད་ནས། ཁོས་མེས་རྒྱལ་གྱི་སྐད་ཆར་བསྔགས་བརྗོད་བྱས་པ་ནི་རང་གི་མེས་རྒྱལ་ལ་བསྔགས་པ་བརྗོད་པ་ཡིན་ཞིང་། སློབ་མ་ཚོས་ཧ་ཅང་ནན་ཏན་གྱིས་མེས་རྒྱལ་གྱི་ཡི་གེ་འབྲི་བཞིན་པ་མཐོང་སྐབས། ཁོ་རང་བསམ་གཞིག་ཟབ་མོ་ཞིག་གི་ཀློང་དུ་ཚུད་པ་དང་། སློབ་ཐུན་མཇུག་གྲོལ་སྐབས། ཕུ་ལོ་ཧྲིའི་དམག་གི་དམག་དུང་གྲགས་པ་ལའང་ཧན་མེར་གྱིས་རང་གི་ཤུགས་དྲག་པའི་སྐྱོ་ཡུས་བསྟན་ཡོད། “མདང་བརྩེ_སྡུག་བསྔལ_གཟབ་ནན_བསམ་གཞིག_ཕངས་སེམས_བསྔགས་བརྗོད_བསམ་གཞིག་ཟབ་མོ_སྐྱོ་ཡུས་” འདི་དག་ནི་སྐུ་ཞབས་ཧན་མེར་གྱི་བརྩེ་དུང་གི་འཕར་འདེགས་ཡིན་ལ། འཕར་འདེགས་འདི་སློང་བྱེད་ནི་བཙན་འཛུལ་བར་བཅངས་པའི་ཞེ་སྡང་དང་མེས་རྒྱལ་ལ་བཅངས་པའི་བརྩེ་བ་དེ་དག་རེད། ༥ སྐུ་ཞབས་ཧན་མེར་གྱི་སློབ་ཁྲིད་གྲོལ་སྐབས་སྐད་ཆ་གསུམ་བྲིས་པ་དེའི་གདངས་འགྲོས་ནི་ཇི་ལྟ་བུ་ཞིག་ཡིན་ནམ། ༼ཟུར་མཆན༽ སྐད་ཆ་དང་པོ་༼གྲོགས་པོ་རྣམ་པ། ང་རང_ ང _༽ཞེས་པ་དེའི་གདངས་ནི་རིང་ཞིང་སྐད་འགགས་པ་སྟེ། སྐུ་ཞབས་ཧན་མེར་གྱི་སེམས་ཁོང་དུ་སྡུག་བསྔལ་གྱིས་ཁེངས་པ་མཚོན། སྐད་ཆ་གཉིས་པ་ནི་༼ཧྥ་རན་སི་ཁྲི་ལོ་བརྟན་པར་ཤོག༽ཅེས་པ་དེ་ཡིན་ལ། དེ་ནི་ངག་ཏུ་སྒྲོགས་པའི་སྐད་ཅིག་མིན་ནའང་། གལ་ཏེ་ཡིན་པའི་དབང་དུ་བཏང་ན། དེ་ནི་སྟོབས་དང་ཤུགས་ཀྱིས་སྨྲས་པའི་སྐད་གདངས་མཐོ་ཤོས་ཤིག་ཡིན་དགོས་ཏེ། དེ་ཡིས་སྐུ་ཞབས་ཧན་མེར་སེམས་ཁོང་གི་ཆེས་དྲག་ཏུ་བརྡོལ་བའི་བརྩེ་དུང་མཚོན་ཡོད། སྐད་ཆ་གསུམ་པ་ནི༼སློབ་གྲྭ་གྲོལ་སོང་_ ཁྱོད་ཚོ་སོང་ན་ཆོག༽ཅེས་པ་དེ་ཡིན་ལ། དེའི་གདངས་ནི་དམའ་ཞིང་འུ་ཐུག་པའི་སྒྲ་ཞིག་སྟེ། མ་བཤད་ཐུ་མེད་ཀྱི་འགལ་འདུའི་སེམས་ཁམས་ཤིག་དང་། སེམས་པ་རྨང་ནས་ཚལ་གས་སུ་སོང་བའི་སྐྱོ་ཡུས་ཀྱི་ཉམས་ཤིག་མཚོན། ༼གསུམ༽སྡོམ་ཆུང་དང་འབྲེལ་ནས་སློབ་ཚན་གྱི་བརྗོད་དོན་བགྲོ་བ། ༼ ༡ ༽ཁོར་ཡུག་ཞིབ་འབྲི་བརྒྱུད་ནས་མི་སྣའི་སེམས་ཁམས་ཀྱི་འགྱུར་ལྡོག་མཚོན་པར་བྱས་པ་ནི།【སློབ་གྲྭར་ལམ་བར་གྱི་ཡུལ་ལྗོངས་ཞིབ་འབྲི།】ཕྱོགས་གཅིག་ནས་བུ་ཆུང་ཧྥོ་ལང་ཧྲི་ཡི་སྐབས་དེའི་བྱིས་བློ་མངོན་པར་བྱས་པ་སྟེ། ཕུ་ལོ་ཧྲི་དམག་གིས་ཨར་ས་སིའི་ས་གནས་དབང་བསྒྱུར་བྱས་ཟིན་པ་དང་། སྦྱར་བྱང་ལས་རྒྱུན་པར་འཕྲིན་ངན་སྒྲོགས་བཞིན་པ་སོགས་ང་དང་འབྲེལ་བ་མེད་པའི་ཤེས་མེད་ཀྱི་ཉམས་སྣང་དེས་བུ་ཆུང་ཧྥོ་ལང་ཧྲི་ནི་ཤེས་མེད་དང་རྣམ་གཡེང་གི་ངང་དུ་ཡོད་པ་མཚོན་ཞིང་། དེ་དང་དུས་ཕྱིའི་ཁོའི་ནོངས་འགྱོད་དང་སྡུག་བསྔལ་གཉིས་མངོན་གསལ་དོད་པོས་བསྡུར་བ་བྱས་ཡོད་ལ། ཕྱོགས་གཞན་ཞིག་ནས་གཏམ་རྒྱུད་འདི་ཉིད་ཕུ་ལོ་ཧྲི་དམག་གིས་དབང་བསྒྱུར་བྱས་ཟིན་པའི་ས་གནས་སུ་བྱུང་བ་དང་། བུ་ཆུང་ཧྥོ་ལང་ཧྲི་ཡི་བསམ་པའི་འགྱུར་བ་དག་ཀྱང་འདི་འདྲའི་གཏན་འཁེལ་གྱི་ཁོར་ཡུག་ཏུ་བྱུང་བ་གསལ་བཤད་བྱས་ཡོད། ༼ ༢ ༽མི་སྣའི་ཕྱི་གཟུགས་ཞིབ་འབྲི་བརྒྱུད་ནས་སེམས་ཁམས་ཀྱི་འགྱུར་ལྡོག་མཚོན་པར་བྱས་པ་ནི།【དགེ་རྒན་ཧན་མེར་གྱི་གྱོན་གོས་དང་། སྐད་ཆ། འགུལ་སྐྱོད། ཉམས་འགྱུར་གྱི་ཞིབ་འབྲི】དགེ་རྒན་གྱི་གྱོན་གོས་སྟེང་ནས་སློབ་ཐུན་འདིའི་གཟབ་ནན་དང་གལ་ཆེན་རང་བཞིན་མཚོན་པར་བྱས་པ་སྟེ། རྒྱུན་གཏན་དུ་མི་གྱོན་པའི་གཟབ་ཆས་མནབས་པ། སྐད་ཆའི་སྟེང་ནས་མེས་རྒྱལ་དང་མེས་རྒྱལ་གྱི་སྐད་ཡིག རང་གི་ལས་དོན་ལ་བཅངས་བའི་བརྩེ་སེམས་མཚོན་པ། འགུལ་སྐྱོད་དང་ཉམས་འགྱུར་སྟེང་ནས་ནང་སེམས་ཀྱི་བཟོད་པར་དཀའ་བའི་སྡུག་བསྔལ་དང་གཡོ་སྐྱོམ། འཁྲེང་སེམས་དང་གདུང་ཡུས་མཚོན་པ། 【སྡོམ་ཆུང་】གོང་གསལ་གྱི་ཞིབ་འབྲི་འདི་དག་ལས་བསྟན་པ་ནི་སྒྲུང་རྩོམ་འདིའི་མི་སྣའི་བཞེངས་སྐྲུན་གྱི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་རེད་ལ། ཡུལ་ལྗོངས་ཞིབ་འབྲི་ནས་བྱུང་རིམ་ཞིབ་འབྲི་དང་། མི་སྣའི་འགུལ་སྐྱོད་ཞིབ་འབྲི་ནས་སེམས་ཁམས་འགུལ་སྐྱོད་ཞིབ་འབྲི་ཡོད་ཚད་སྐུད་སྣེ་གཅིག་གི་སྟེང་སྦྲེལ་ཡོད་པ་མ་ཟད། བུ་ཆུང་ཧྥོ་ལང་ཧྲི་ཡི་མཐོང་ཐོས་མྱོང་བའི་ཚོར་བ་ཡོད་ཚད་ཀྱང་སྦྲེལ་ཐག་གཅིག་གིས་བཟུང་ཡོད་པ་ཤིན་ཏུ་གསལ། ༼ ༣ ༽སྐད་ཆ་ཞིབ་འབྲི་བརྒྱུད་ནས་རྒྱལ་གཅེས་ཀྱི་ལྷག་བསམ་མཚོན་སྟངས་ནི།【ཧྥ་རན་སིའི་སྐད་ཡིག་ནི་འཇིག་རྟེན་གྱི་ཆེས་ཕུན་སུམ་ཚོགས་པའི་སྐད་ཡིག་ཅིག་ཡིན་པ་དང་། དེ་ནི་བཙོན་སྒོ་འབྱེད་པའི་ལྡེ་མིག་ལག་ཏུ་འབྱོར་བ་དང་མཚུངས་པ】 སྐད་ཆ་དེའི་ཁྲོད་ཀྱི་བཙོན་སྒོ་དང་ལྡེ་མིག་གི་མཚོན་བྱ་ཅི་ཡིན་ནམ་སྙམ་ན། བཙོན་ནི་མི་ལ་རང་དབང་མེད་པར་གཞན་གྱི་མནར་གཅོད་འོག་འཚོ་བའི་གནས་སྟངས་ཤིག་ཡིན་ལ། འདིར་ནི་བཙན་འཛུལ་བས་དབང་བསྒྱུར་བྱས་པའི་ཨར་ས་སིའི་ས་གནས་ནི་བཙོན་ཁང་ཞིག་དང་འདྲ་བ་མཚོན། ལྡེ་མིག་ནི་སྒོ་འབྱེད་བྱེད་ཡིན་པས་ན་འདིར་ནི་བཙོན་ཁང་གི་སྒོ་ཕྱེས་པ་ནི་དབང་བསྒྱུར་བ་དག་ཕྱིར་བསྐྲོད་གཏོང་བ་ལ་གོ་ཞིང་། དེ་གཏོང་བྱེད་ནི་མེས་རྒྱལ་གྱི་སྐད་ཡིག་ཡིན་པ་བསྟན། 【སྡོམ་ཆུང་】སྤྱིར་བཏང་སྐད་ཡིག་ཅིག་གིས་བཙན་འཛུལ་བ་མཐར་སྤྲོད་གཏོང་འདོད་པ་ནི་སྟོང་བསམ་ཞིག་རེད་སྙམ་སྲིད་མོད། འདིར་བསྟན་པའི་དོན་སྙིང་ནི་སྐད་ཡིག་ནི་མི་རིགས་ཤིག་གཅིག་གྱུར་དང་མཐུན་སྒྲིལ་འབྱུང་བྱེད་ཀྱི་སྦྲེལ་ཐག་དང་སྟོབས་ཤུགས་ཡིན་པར་བཤད་པ་སྟེ། མི་རིགས་ཤིག་གི་སྐད་ཡིག་ནི་མི་རིགས་དེའི་མི་རྣམས་ཀྱི་བསམ་བློ་ཕན་ཚུན་འབྲེལ་བྱེད་ཀྱི་ལྟེ་ཐག་ཏུ་གྱུར་ཡོད་ཅིང་། དེ་བརྒྱུད་ནས་མི་རིགས་ཧྲིལ་བོའི་རྒྱལ་གཅེས་ཀྱི་གདུང་སེམས་གཅིག་གྱུར་བྱེད་ནུས་པ་དང་། མི་རིགས་ཀྱི་སྙིང་སྟོབས་གཅིག་སྒྲིལ་བྱེད་ནུས་པས་ན། སྐད་ཡིག་གིས་མི་རིགས་ཀྱི་ཕམ་ཉེས་དང་བླ་སྲོག་བཟུང་ཡོད་པ་གསལ་བཤད་བྱས་ཡོད། ༼ ༤ ༽ བྱིས་པ་ཞིག་གི་མཐོང་སྣང་བརྒྱུད་ནས་མི་སེམས་སྒུལ་བའི་གཏམ་རྒྱུད་ཅིག་བྲིས་པ་ལས། གཏམ་རྒྱུད་ཀྱི་ཡིད་འགུགས་ནུས་པ་དང་དོན་དངོས་རང་བཞིན་བླ་ལྷག་གིས་མཐོ་རུ་སོང་ཡོད་དེ། བྱིས་པའི་ཟོལ་མེད་རྣམ་དག་གི་བློ་དང་མཐོང་ཐོས་ཀྱི་འཚོ་བ། མི་སྣའི་ཉམས་འགྱུར་སོགས་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཐོན་ཡོད། དེས་ན། འདིར་དྲི་བ་འགའ་ཞིག་དྲངས་ན། A སློབ་ཐུན་འདིའི་བརྒྱུད་རིམ་ཧྲིལ་བོར་འགྱུར་ལྡོག་ཆེས་ཆེ་བའི་མི་དེ་སུ་ཡིན་ནམ། འགྱུར་ལྡོག་གང་འདྲ་ཞིག་བྱུང་ཡོད་དམ། B སྐུ་ཞབས་ཧན་མེར་ནི་མི་ཅི་འདྲ་ཞིག་རེད་དམ། ཁོས་སློབ་ཐུན་འདིར་གཟབ་ཆས་སྤྲས་པའི་རྒྱུ་མཚན་ག་རེ་རེད་དམ། C སྐུ་ཞབས་ཧན་མེར་གྱི་འགུལ་སྐྱོད་དང་ཉམས་འགྱུར་ལས་སྐུ་ཞབས་ཧན་མེར་གྱི་སེམས་ཁམས་གང་འདྲ་ཞིག་མཚོན་ཡོད་དམ། D བུ་ཆུང་ཧྥོ་ལང་ཧྲི་ཡིས་སྐུ་ཞབས་ཧན་མེར་ནི་སྙིང་རྗེ་བའི་མི་ཞིག་ཡིན་པར་བཤད་དོན་ཅི་ཡིན་ནམ། སྙིང་རྗེ་ཞེས་པའི་བསྟན་དོན་གང་ཡིན་ནམ། 【སྡོམ་ཆུང་】སློབ་ཐུན་ཧྲིལ་བོའི་ནང་དུ་སེམས་ཁམས་ལ་འགྱུར་ལྡོག་བྱུང་བ་ཆེས་མང་བའི་མི་ནི་བུ་ཆུང་ཧྥོ་ལང་ཧྲི་ཡིན་ཞིང་། ཤེས་མེད་རྣམ་གཡེང་ལ་སྤྲོ་བའི་བྱིས་པ་པྲ་ཚགས་ཤིག་ནས་རིམ་གྱིས་མི་རིགས་ཀྱི་སྐད་ཡིག་ལ་དུངས་ཤིང་མེས་རྒྱལ་ལ་དགའ་བའི་བྱིས་པ་བསམ་ཤེས་ཅན་ཞིག་ཏུ་གྱུར་བ་སྟེ། དེ་ཡོད་ཚད་ཀྱང་དགེ་རྒན་ཧན་མེར་གྱི་འགྲོ་སྐྱོད་བཤད་གསུམ་གྱི་རྣམ་འགྱུར་ལས་བྱུང་བ་ཡིན་ལ། དགེ་རྒན་ཧན་མེར་ཡང་སྔར་གྱི་ལྷོད་གཡེང་གི་རྣམ་འགྱུར་ལས་ལོག་སྟེ་གཟབ་ནན་གྱི་མི་ཞིག་ཏུ་གྱུར་བ་ནི་གཙོ་བོར་དབང་བསྒྱུར་མཁན་ལ་མི་དགའ་བ་དང་རྒྱལ་གཅེས་ཀྱི་འདུ་ཤེས་སད་པས་ཡིན་པ་དེ་རེད། 【འཕྲོས་རྟོག་གི་ཤེས་བྱ】 སློབ་ཚན་འདིར་ཧྥ་རན་སི་རྒྱལ་ཁབ་ཀྱི་སྐད་ཡིག་སློབ་པ་གཙོ་བོར་འཇོག་དོན་ཅི་ཡིན་པ་དང་། དེ་ནི་མཇུག་མཐའི་སློབ་ཐུན་ཞིག་ཏུ་འགྱུར་དོན་གང་ཡིན་ནམ་ཟེར་ན། སྐད་ཡིག་ནི་མི་རིགས་ཤིག་གི་མཚོན་རྟགས་དང་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་མི་རྣམས་ཀྱི་བསམ་བློ་ལྷན་དུ་སྦྲེལ་བྱེད་ཀྱི་ཟུངས་ཐག་ཉག་གཅིག་ཡིན་ལ། སྐད་ཡིག་གིས་མི་རྣམས་ལ་རང་གི་མི་རིགས་དང་རྒྱལ་ཁབ་མི་བརྗེད་པར་བྱེད་པ་མ་ཟད། མཐུན་སྒྲིལ་གཅིག་གྱུར་ཡོང་བ་བྱས་ཏེ་ཕྱིའི་བཙན་འཛུལ་བ་མཐར་སྤྲོད་གཏོང་བ་དང་མི་རིགས་བཅིངས་གྲོལ་འཐོབ་པར་བརྩོན་ལེན་ཡོང་བར་བྱེད་པ་ཡིན་པས། རང་གི་རྒྱལ་ཁབ་ཀྱི་སྐད་ཡིག་སློབ་རྒྱུ་ནི་གཙོ་གནད་ཡིན་པར་བསྟན་ཡོད། དེ་མཇུག་མཐའི་སློབ་ཐུན་ཞིག་ཏུ་འགྱུར་དོན་ནི་ཕུ་ལོ་ཧྲི་དམག་གིས་ཨར་ས་སིའི་ས་གནས་བདག་འཛིན་བྱས་རྗེས། ས་གནས་དེའི་མི་དམངས་ཀྱིས་རང་གི་རྒྱལ་ཁབ་དང་མི་རིགས་བརྗེད་ངེས་ཡོང་བར་བྱ་ཕྱིར་དང་། མི་རིགས་གཞན་འགྱུར་གྱི་སྲིད་ཇུས་ལག་བསྟར་བྱ་ཕྱིར་དང་། ས་གནས་དེ་གཏན་དུ་དབང་བསྒྱུར་ཡོང་བ་བྱ་ཕྱིར་བཙན་ཤེད་ཀྱིས་འཇར་མན་གྱི་སྐད་ཡིག་སློབ་དགོས་པའི་བཙན་ཁྲིམས་བཟོས་པས་རེད་ལ། གདུག་རྩུབ་ཀྱི་སྲིད་ཇུས་དེ་དང་། གཡོ་བྲིད་ཀྱི་ཐབས་ཇུས་དེས་ནི་ཧྥ་རན་སིའི་མི་དམངས་གཏན་དུ་བྲན་དུ་བསྒྱུར་འདོད་པས་རེད། ཟུར་བཤད་ཀྱི་རྒྱུ་ཆ། རང་རེའི་ས་གནས་འདི་ལའང་དེ་དང་ཆ་འདྲ་བའི་སྲིད་ཇུས་ཤིག་མངོན་དང་མི་མངོན་པའི་ངང་ནས་འབྱུང་བཞིན་ཡོད་དེ། བོད་ཡིག་བོད་སྐད་སློབ་པ་ལ་བཀག་རྒྱ་རབས་དང་རིམ་པར་བྱུང་སྟེ། མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་སྲོལ་ལས་བརྒལ་ཏེ་མི་རིགས་གཞན་འགྱུར་གྱི་སྐད་དང་ཡི་གེ་སྦྱོང་བའི་ཁྲིམས་སྲོལ་སྣ་ཚོགས་འབྱུང་བཞིན་པ་ལྟ་བུ་རེད། དེ་ན་ང་ཚོས་རང་སྐད་རང་ཡིག་ལ་སྦྱོང་བའི་སྤོབས་ཤུགས་དང་ལ་རྒྱ་མི་ཤོར་བར་བྱེད་རྒྱུ་ནི་མི་རིགས་གོང་སྤེལ་དང་ཡུན་གནས་ཀྱི་དམིགས་ཡུལ་གལ་ཆེན་ཞིག་ཡིན་ལ། རང་རིགས་ཀྱི་བླ་ན་མེད་པའི་སྲོལ་རྒྱུན་ཤེས་བྱ་མི་ཉམས་གོང་མཐོར་འགྲོ་བའི་འགན་འཁྲི་ལྡོག་མེད་ཅིག་ཀྱང་ཡིན་པ་ངེས་པར་དུ་ཤེས་དགོས་པའི་གནད་ཅིག་རེད། ༼ བཞི ༽སྤྱི་སྡོམ། ༼ ༡ ༽ བུ་ཆུང་ཧྥོ་ལང་ཧྲི་ཡི་འགྱུར་ལྡོག་མཚོན་པའི་རེའུ་མིག རྒྱུན་ལྡན་དུ། མཇུག་མཐའི་སློབ་ཐུན་སྟེང་། བཙན་འཛུལ་བར། སྣང་དོགས་མི་བྱེད་པ། སྡང་སེམས་དང་སྐྱོ་ཡུས་སྐྱེས་པ། དགེ་རྒན་ལ། སྐྲག་པ། ངོས་ཟིན་བྱུང་བ་དང་དད་གུས་སྐྱེས་པ། ཧྥ་རན་སིའི་སྐད་ཡིག་ལ། ཚིག་པ་ཟ་བ། གཙིགས་ཆེན་དང་བཀུར་བཟོ་བྱས་པ། ཧྥ་རན་སིའི་སྐད་ཡིག་ལ། འདུ་ཤེས་མེད་པ། བརྩེ་དུང་དྲག་པོ་སྐྱེས་པ། ༼ ༢ ༽ བུ་ཆུང་ཧྥོ་ལང་ཧྲི་ཡི་སེམས་ཁམས་ལ་འགྱུར་ལྡོག་བྱུང་བའི་རྒྱུ་རྐྱེན། A གདུག་རྩུབ་ཀྱི་ཁོར་ཡུག་ལ་ངོས་ཟིན་ཐེབས་པ། B སྐུ་ཞབས་ཧན་མེར་གྱི་བརྩེ་དུང་གི་ཤུགས་རྐྱེན་ཐེབས་པ། C ནང་སེམས་སུ་རྒྱལ་གཅེས་རིང་ལུགས་ཀྱི་དུངས་བརྩེ་ཡོད་པ། ༼ ༣ ༽ བུ་ཆུང་ཧྥོ་ལང་ཧྲི་ཡིས་རྩོམ་འདིའི་ནང་ཐོན་པའི་ནུས་པ། <1>གཏམ་རྒྱུད་ཀྱི་བྱུང་རིམ་སྦྲེལ་མཐུད་ཀྱི་ནུས་པ༼ཁུངས་སྣེ༽ <2>སྒྲུང་རྩོམ་གྱི་བརྗོད་སྙིང་གཏིང་ཟབ་ཏུ་བཏང་བའི་ནུས་པ། ༼ ༤ ༽བརྗོད་བྱ་གཙོ་བོ། སྒྲུང་རྩོམ་འདི་ལས་ཨར་ས་སི་ཞིང་ཆེན་གྱི་སློབ་ཆུང་སློབ་མ་བུ་ཆུང་ཧྥོ་ལང་ཧྲི་ཡིས་མཇུག་མཐའི་སློབ་ཐུན་གཅིག་གི་ཁྲོད་ཀྱི་མཐོང་ཐོས་དང་མྱོང་ཚོར་བརྒྱུད་ནས། རང་ས་ཤོར་བའི་ཧྥ་རན་སིའི་མི་དམངས་ཀྱི་སྐྱོ་སྡང་དང་མེས་རྒྱལ་ལ་བཅངས་པའི་བརྩེ་དུང་། མེས་རྒྱལ་གཅིག་གྱུར་ལ་བཅངས་པའི་སྲ་བརྟན་གྱི་རེ་བ་བཅས་དྲང་བོའི་སྒོ་ནས་མཚོན་པར་བྱས་ཤིང་། ཧྥ་རན་སི་མི་དམངས་ཀྱི་རྒྱལ་གཅེས་སྙིང་སྟོབས་ཕྱོགས་བསྡུས་ཀྱིས་བསྟན་ཡོད། Tags:最后,一课,课稿,一等奖
|
21世纪教育网,教育资讯交流平台



