21世纪教育网,教育资讯交流平台

1.1.1 柱、锥、台、球的结构特征教学实录及点评

日期:2015-12-29 09:21 阅读:
1课时

1.1.1 柱、锥、台、球的… 高中数学       人教A版2003课标版

1教学目标

༡ ཤེས་བྱའི་དམིགས་ཚད། སློབ་མས་གྲུ་ལྡན་ཀ་བ་དང་། གྲུ་སྙུང་། གྲུ་སྟེགས་ཀྱི་དཔེ་རིས་དང་དངོས་གཟུགས་ལ་ལྟ་ཞིབ་དང་། བསྡུར་བ། དབྱེ་ཞིབ་བྱེད་པ་བརྒྱུད་དེ། དེ་དག་གི་གྲུབ་ཚུལ་ཁྱད་རྟགས་ཕྱོགས་བསྡུས་བྱེད་པ་དང་ངོས་འཇིན་པ།

༢ ནུས་པའི་དམིགས་ཚད། གྲུ་ལྡན་ཀ་བ་དང་། གྲུ་སྙུང་། གྲུ་སྟེགས་སོ་སོའི་དོན་སྤྱི་འབྱུང་བའི་བརྒྱུད་རིམ་ཁྲོད་དུ། སློབ་མའི་ལྟ་ཞིབ་དང་། དབྱེ་ཞིབ། ལྐོག་གྱུར་གྱི་ཕྱོགས་བསྡུས་ནུས་བ། དབྱིབས་རྩིས་ཐད་མཐོང་གི་ནུས་བ། ལུགས་མཐུན་རིགས་འདེད་ཀྱི་ནུས་བ། རིགས་བསྡུར་ཀྱི་བསམ་བློ་ཐབས་ལམ་བཅས་བསྐྱེད་བསྲིང་བྱེད་པ།

༣ བརྩེ་དུང་གི་དམིགས་ཚད། བརྙན་མང་གཟུགས་ཀྱི་རེམ་འདོགས་འོག་ཏུ་སྣང་ཚུལ་བསྐྲུན་ཏེ་སློབ་མའི་གྲངས་རིག་སྦྱང་བའི་སྤྲོ་སྣང་་དང་གསར་གཏོད་ཀྱི་འདུ་ཤེས་བསྐྱེད་པ་དང་།

2学情分析

       སློབ་མས་དམའ་འབྲིང་དུ་ བར་སྟོང་དང་རིས་དབྱིབས་ སྦྱང་སྐབས། དངོས་ཡོད་ཀྱི་གྲུ་ལྡན་ཀ་བ་དཔེར་ན་གྲུ་བཞི་ནར་དབྱིབས་དང། གྲུ་བཞི་ཁ་གང་དབྱིབས་ལྟ་བུ་ངོས་ཟིན་པ་དང་། དངོས་གཟུགས་ལས་ལྐོག་གྱུར་གྱི་ལྟོས་ཟླའི་དབྱིབས་རྩིས་གཟུགས་དཔེ་དབྱིབས་རྟོགས་རུང་། ཀ་གཟུགས་དང། སྙུང་གཟུགས་ཀྱི་མཚན་ཉིད་སྦྱང་མེད་པས། ལྟ་ཞིབ་ཀྱི་རིམ་པར་ལུས་ཡོད། སློབ་མཐུན་འདིར་དེ་དག་ལ་གཏིང་ཇེ་ཟབ་ཏུ་ཞིབ་འཇུག་བྱས་ཏེ། དེ་དག་གི་གྲུབ་ཚུལ་ཁྱད་རྟགས་སྦྱང་བ་དང་མཉམ་དུ། གྲུ་སྟེགས་ཀྱི་འབྲེལ་ཡོད་ཤེས་བྱ་སྦྱང་དགོས། དེ་བས། སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་དུ། བར་སྟོང་རིས་དབྱིབས་ཀྱི་མཚན་ཉིད་རེ་རེ་ནི་སློབ་མ་རང་ཉིད་ཀྱིས་དཔེ་དབྱིབས་ལ་ལྟ་ཞིབ་དང་། དགེ་རྒན་གྱི་སྣེ་ཁྲིད། གྲོས་བསྡུར་བྱེད་པ་ལས་ཐོབ་པ།

3

  གཙོ་གནད། བར་སྟོང་གི་དངོས་གཟུགས་དང་དཔེ་དབྱིབས་གང་མང་ལ་མྱོང་ཚོར་བྱས་ཏེ། གྲུ་ལྡན་ཀ་བ་དང་། གྲུ་སྙུང་། གྲུ་སྟེགས་བཅས་ཀྱི་གྲུབ་ཚུལ་ཁྱད་རྟགས་ཕྱོགས་བསྡོམས་བྱེད་པ།

   དཀའ་གནད། ཇི་ལྟར་སློབ་མར་གྲུ་ལྡན་ཀ་བ་དང་། གྲུ་སྙུང་། གྲུ་སྟེགས་བཅས་ཀྱི་གྲུབ་ཚུལ་ཁྱད་རྟགས་ཕྱོགས་བསྡུས་བྱེད་དུ་བཅུག་པ།

4教学过程 4.1 第一学时     教学活动 活动1【导入】སློབ་ཁྲིད་ཀྱི་བརྒྱུད་རིམ།  

 ༡ སྣང་ཚུལ་བསྐྲུན་ཏེ་སློབ་ཁྲིད་ནང་འདྲེན།

      བརྙན་མང་གཟུགས་སྤྱད་དེ་དཔེ་རིས་མང་པོ་སྟོན་པ་བརྒྱུད་དེ། སློབ་མར་དབྱིབས་རྩིས་རིག་པས་ཞིབ་འཇུག་བྱེད་པའི་ནང་དོན་གསལ་བོར་རྟོགས་པར་བྱེད་པ་མ་ཟད། དབྱིབས་རྩིས་རིག་པ་ནི་གྲངས་རིག་པའི་ཞིབ་འཇུག་དང་ཉེར་སྤྱོད་ཁྲོད་ཀྱི་གོ་གནས་དང་བྱེད་ནུས། ལེའུ་འདིར་སྦྱང་དགོས་པའི་ནང་དོན་དང་། ལེའུ་འདིའི་ནང་དོན་ཇི་ལྟར་སྦྱང་བ་སོགས་གསལ་བོར་རྟོགས་དགོས།

(བརྙན་མང་གཟུགས་ཀྱི་རི་མོ་དང་ཟུང་འབྲེལ་བྱས་ཏེ་བར་སྟོང་དབྱིབས་རྩིས་གཟུགས་ཀྱི་མཚན་ཉིད་བཀོད་པ་དང་། སློབ་མཐུན་འདིར་གཙོ་བོ་གྲུབ་ཚུལ་ཁྱད་རྟགས་ལས་ཆེས་གཞི་རྩར་གྱུར་བའི་བར་སྟོང་དབྱིབས་རྩིས་གཟུགས་འགའ་སྦྱང་རྒྱུ་ཡིན་པ་སྟོན་དགོས།

【ཇུས་འགོད་དམིགས་ཡུལ】 ལེའུ་འདིའི་མགོ་རྩམ་པའི་སློབ་ཁྲིད་ཡིན་ཕྱིན། ལེའུ་མགོ་ཡི་རི་མོ་དང་འདྲེན་ཚིག་ལ་མཐོང་ཆེན་བྱེད་པ་དང་དེའི་རིན་ཐང་འདོན་སྤེལ་བྱེད་པ། ཧི་ལེན་གྱི་གྲངས་རིག་པ་ཧྥི་ལར་ཏུན་ཐ་ཨེར་གྱིས་བཤད་རྒྱུར་། “གྲངས་རིག་པ་ནི་དངོས་ཡོད་ཡིན་ལ། སློབ་མས་དངོས་ཡོད་འཚོ་བ་ལས་སློབ་འབྲིང་གི་གྲངས་རིག་སྦྱང་ཏེ། སྦྱང་ཟིན་པའི་གྲངས་རིག་དངོས་ཡོད་འཚོ་བའི་ཁྲོད་དུ་བེད་སྤྱད་ན་འགྲིག་གིན་འདུག”་ཟེར་ལ། འདི་འདྲའི་ཇུས་འགོད་ལྟར་ན། སློབ་མར་གྲངས་རིག་དང་འཚོ་བའི་འབྲེལ་བ་དམ་པོ་མྱོང་ཚོར་བྱེད་དུ་བཅུག་ཏེ། སློབ་སྦྱོང་གི་སྤྲོ་སྣང་བསྐྱེད་པ།

༢ དྲི་གཞི་འདོན་པ་བརྒྱུད་དེ། ཤེས་བྱ་གསར་བ་འཚོལ་ཞིབ།

དྲི་གཞི་1: སློབ་གྲོགས་ཚོས་གཤམ་གྱི་དཔེ་རིས་ལ་ལྟ་ཞིབ་བྱས་ཏེ། དངོས་གཟུགས་ཀྱི་གྲུབ་ཚུལ་ཁྱད་རྟགས་ཀྱི་ཐད་ནས་རིགས་གཉིས་ལ་དབྱེ་ཐུབ་བམ།

དགེ་རྒན་གྱི་སྣེ་ཁྲིད་འོག་ཏུ་སློབ་མས་རིགས་དབྱེ་བ་དང་། དེ་དག་གི་ཐུན་མོང་གི་ཁྱད་རྟགས་ལ་སྤྱི་སྡོམ་བྱས་ཏེ། ངོས་མང་གཟུགས་དང་འཁྱིལ་འཁོར་གཟུགས་ཀྱི་མཚན་ཉིད་ཐོབ་པ།

【ཇུས་འགོད་དམིགས་ཡུལ】 དངོས་ཡོད་ཀྱི་དངོས་གཟུགས་རི་མོའི་རམ་འདེགས་དང་དགེ་རྒན་གྱི་སྣེ་ཁྲིད་འོག སློབ་མས་རང་འགུལ་གྱིས་རི་མོ་ལ་ལྟ་ཞིབ་དང་། དབྱེ་ཞིབ། སྡུར་བ་མ་ཟད། རི་མོའི་ཁྱད་ཆོས་ལས་རིགས་དབྱེ་པ།

དགེ་རྒན་གྱིས།: ང་ཚོས་དངོས་གཟུགས་འདི་དག་ལ་སྟབས་བདེ་ངང་རིགས་དབྱེ་པ་དང་། ང་ཚོས་ཤེས་གསལ་ལྟར། རིགས་དབྱེ་པ་ཇི་ལྟར་ཞིབ་ཕྲ་ཡིན་ན། དངོས་གཟུགས་ཀྱི་ཐུན་མོང་ཁྱད་རྟགས་དེ་ལྟར་མངོན་གསལ་ཡིན། གཤམ་དུ་ང་ཚོས་ངོས་མང་གཟུགས་ལ་ཞིབ་འཇུག་དང་། འཚོལ་དཔྱད། རིགས་དབྱེ་ཅིག་བྱ།

དྲི་གཞི་2: སློབ་གྲོགས་ཚོས་ངོས་མང་གཟུགས་འདི་དག་ལ་ལྟ་ཞིབ་བྱོས་དང་། དེ་དག་ལ་ཐུན་མོང་གི་ཁྱད་རྟགས་ཅི་ཞིག་ཡོད་པ་ཤོད། སློབ་མས་ལྟ་ཞིབ་དང་། གྲོས་བསྡུར་བྱས་ཏེ། དེ་དག་གི་ཁྱད་རྟགས་གསུམ་ཐོབ། དེ་རྗེས་གྲུ་ལྡན་ཀ་བའི་མཚན་ཉིད་ཐོབ་པ་དང་། དེའི་འབྲེལ་ཡོད་དོན་སྤྱི་དང་། གྲུ་ལྡན་ཀ་བའི་གྲུབ་ཚུལ་དང་། མཚོན་ཚུལ། རིགས་དབྱེ་བ། རང་བཞིན་བཅས་ཀྱི་ཐད་ནས་ཞིབ་འཇུག་བྱེད་པ། 

( དགེ་རྒན་གྱིས་ནང་དོན་འདི་སྒོ་ཟམ་ཐོག་ཏུ་འགོད་པ།)

【ཇུས་འགོད་དམིགས་ཡུལ】 དངོས་གཟུགས་ཀྱི་ལྟ་ཞིབ་དང་། སྡུར་བ། དབྱེ་ཞིབ་བརྒྱུད་དེ། སློབ་མའི་དབྱིབས་རྩིས་ཐད་མཐོང་ནུས་པ་དང་། གནད་དོན་དབྱེ་ཞིབ་དང་ཐག་གཅོད་པའི་ནུས་བ་བསྐྱེད་བསྲིང་བྱེད་པ།

༣ འབྲེལ་ཡོད་སྦྱང་ཚན། སྡོམ་ཆུང་།

དབྱིབས་རྩིས་གཟུགས་ཤིག་གྲུ་ལྡན་ཀ་བ་ཡིན་མིན་ཇི་ལྟར་བརྡར་ཤ་གཅོད་དགོས་སམ།

དྲི་གཞི་3:ངོས་གཉིས་ཕན་ཚུན་མཉམ་འགྲོ་ཡིན་ལ། ངོས་གཞན་ཚང་མ་མཉམ་འགྲོ་མཐའ་བཞི་དབྱིབས་ཡིན་པའི་དབྱིབས་རྩིས་གཟུགས་ནི་གྲུ་ལྡན་ཀ་བ་ཡིན་ནམ། དྲི་བ་འདི་སློབ་མར་ལན་འདེབས་ཏུ་བཅུག་རྗེས། དགེ་རྒན་གྱིས་ལྡོག་དཔེ་དྲངས་ནས་བརྡར་གཅོད་བྱེད་པའི་ཚད་གཞི་ནི་མཚན་ཉིད་ཡིན་པ་གསལ་བཤད་བྱོས།

【ཇུས་འགོད་དམིགས་ཡུལ】སློབ་མས་གོ་བ་ལེན་པར་སྟབས་བདེ་ཡོངས་ཆེད། དྲི་གཞི་གསུམ་དྲིས་ཏེ་གྲུ་ལྡན་ཀ་བའི་དོན་སྤྱི་ནང་བྱན་ཆུད་པར་གྱུར་ཏེ། ལུགས་མཐུན་རིགས་འདེད་ཀྱི་ནུས་པ་བསྐྱེད་བསྲིང་བྱེད་པ།

༤ སྦྱང་ཐབས་རིགས་སྡུར་བྱས་ཏེ། གྲུ་སྙུང་དང་གྲུ་སྟེགས་ཀྱི་གྲུབ་ཚུལ་ཁྱད་རྟགས་འཚོལ་ཞིབ་བྱེད་པ།

དགེ་རྒན་གྱིས་བརྙན་མང་གཟུགས་སུ་རི་མོ་སྟོན་ཏེ། གྲུ་སྙུང་དང་གྲུ་སྟེགས་ཀྱི་གྲུབ་ཚུལ་ཁྱད་རྟགས་ཀྱི་ནང་དོན་འདི་དག་སློབ་མར་རང་འགུལ་གྱིས་སྒྲུབ་ཏུ་བཅུག་ཆོག སློབ་མས་མཉམ་འབྲེལ་སློབ་སྦྱོང་དང་། རང་འགུལ་གྱིས་གྲུ་སྙུང་དང་། གྲུ་སྟེགས་ཀྱི་མཚན་ཉིད་དང་། གྲུབ་ཚུལ་མིང་། རིགས་དབྱེ་ཚད་གཞི་དང་མཚོན་ཚུལ། རང་བཞིན་བཅས་འཚོལ་ཞིབ་བྱེད་པ།

(དགེ་རྒན་གྱིས་ནང་དོན་འདི་དག་སྒོ་ཟམ་དུ་ཕྱོགས་བསྡུས་བྱེད་པ། )དེ་རྗེས་སུ་དགེ་རྒན་གྱིས་རྒྱལ་སྤྱིའི་མཁས་པའི་དམ་ཚིག་དྲངས་ཏེ། རིགས་སྡུར་བསམ་བློའི་གལ་ཆེན་རང་བཞིན་སྟོན་པ། ཁེ་ཕོ་ལེར་ཡིས་བཤད་རྒྱུར། ངས་རིགས་སྡུར་ལ་མཐོང་ཆེན་བྱེད་པ་དངོས་པོ་གཞན་ལས་ལྷག དེ་ནི་ང་ཡི་གཤིས་བརྙན་དམ་པ་ཡིན་ལ། རང་བྱུང་ཁུལ་གྱི་གསང་བ་ཚང་མ་མངོན་གསལ་དུ་གཏོང་ཐུབ།

༥ སྦྱང་བ་བྱས་ཏེ་ཤེས་བྱ་གསར་བ་ཁོངས་དུ་ཆུད་པ།

དཔེ་བརྗོད་༡ པ་ལས། བརྡར་གཅོས་བྱེད་པའི་ཚད་གཞི་ནི་མཚན་ཉིད་ཡིན་པ་སྟོན།

དཔེ་བརྗོད་༢ པ་ལས། གྲུ་སྟེགས་ཀྱི་མཚན་ཉིད་གྲུ་སྙུང་ལས་ཐོབ་པ་སྟོན།

༦ འཚོལ་དཔྱད་ལས་འབྲེལ་བ་བཙལ་བ། འཚོལ་དཔྱད། གྲུ་སྟེགས་དང་གྲུ་ལྡན་ཀ་བ། གྲུ་སྙུང་ཚང་མ་ནི་ངོས་མང་གཟུགས་ཡིན་ལ། དེ་དག་གི་གྲུབ་ཚུལ་ལས་འདྲ་ས་དང་མི་འདྲ་ས་ཅི་ཞིག་ཡིན། དེ་གསུམ་པོའི་འབྲེལ་བ་ཅི་ཞིག་ཡིན། ཞབས་ངོས་འགྱུར་ལྡོག་བྱུང་སྐབས། དེ་དག་བར་ལ་ཕབ་བསྒྱུར་བྱེད་ཐུབ་བམ།

སློབ་མའི་གྲོས་བསྡུར་ལས་སྡོམ་ཚིག་འདི་ཐོབ། གྲུ་སྟེགས་ཀྱི་ཞབས་ངོས་གོང་མ་ཇེ་ཆེར་སོང་ནས་ཞབས་ངོས་གོང་འོག་ཡོངས་མཚུངས་སུ་གྱུར་ན་གྲུ་ལྡན་ཀ་བ་ཐོབ། གྲུ་སྟེགས་ཀྱི་ཞབས་ངོས་གོང་མ་ཚེག་གཅིག་ཏུ་སྐུམ་ན་གྲུ་སྙུང་ཐོབ། དགེ་རྒན་གྱིས་འདི་གསུམ་པོའི་བར་གྱི་འབྲེལ་བ་ལས་ཚད་འགྱུར་ལས་སྤུས་འགྱུར་བྱུང་བའི་ཆོས་ཉིད་སྟོན་པ། སྙུང་གཟུགས་ཀྱི་ཞབས་ངོས་གོང་མ་རིམ་གྱིས་ཇེ་ཆེར་སོང་བ་དང་བསྟུན་ནས། ཚད་རིམ་གྱིས་འཕར་བ། འཕར་ཏེ་ཚད་ཅིག་ལ་ཐོན་ན་སྟེགས་གཟུགས་དང་ཀ་གཟུགས་སུ་འགྱུར། དེའི་སྤུས་ཀྱང་འགྱུར་ཡོད་པ་ཤེས། དེ་བས། ང་ཚོས་གྲངས་རིག་སྦྱང་མ་ཡང་དེ་འདྲ་མ་ཡིན་ནམ།

【ཇུས་འགོད་དམིགས་ཡུལ】 གཅིག་ནི་སློབ་མར་སྣེ་ཁྲིད་བྱས་ཏེ་འགུལ་སྐྱོད་དང་། འགྱུར་ལྡོག འབྲེལ་བའི་ལྟ་ཚུལ་ལས་ཀ་གཟུགས་དང་། སྙུང་གཟུགས། སྟེགས་གཟུགས་བཅས་ཞིབ་འཇུག་བྱེད་པ། གཉིས་ནི་ཐད་མཐོང་མྱོང་ཚོར་གྱི་རྨང་གཞིའི་སྟེང་། ལུགས་མཐུན་རིགས་འདེད་འོས་འཚམ་ཙམ་བྱེད་པ་དང་། སློབ་མའི་བར་སྟོང་བསམ་བློ་གཏོང་བའི་ནུས་པ་བསྐྱེད་བསྲིང་བྱེད་པ།

༧ མྱོང་ཚོར་བཤད་པ་དང་། ཤེས་བྱ་ཕྱོགས་བསྡུས།(དགེ་སློབ་མཉམ་གྱིས་གྲོས་བསྡུར་དང་། སྤྱི་སྡོམ)

 1.ཤེས་བྱའི་ཐད་ནས། ངོས་མང་གཟུགས་དང་འཁྱིལ་འཁོར་གཟུགས་ཀྱི་མཚན་ཉིད། གྲུ་ལྡན་ཀ་བ་དང་། གྲུ་སྙུང་། གྲུ་སྟེགས་བཅས་ཀྱི་གྲུབ་ཚུལ་ཁྱད་རྟགས། གྲུ་ལྡན་ཀ་བ་དང་། གྲུ་སྙུང་། གྲུ་སྟེགས་གསུམ་པོ་བར་གྱི་འབྲེལ་བ།

2.ནུས་པའི་ཐད་ནས། དབྱིབས་རྩིས་ཐད་མཐོང་གི་ནུས་པ་དང་། ལུགས་མཐུན་རིགས་འདེད་ནུས་བསྐྱེད་བསྲིང་བྱེད་པ།

༨   ལས་བྱ་བཀོད་སྒྲིག      སློབ་མཐུན་སྦྱང་ཚན་ ༡ ༢ ༣ ༤

1.1.1 柱、锥、台、球的结构特征

课时设计 课堂实录

1.1.1 柱、锥、台、球的结构特征

1第一学时     教学活动 活动1【导入】སློབ་ཁྲིད་ཀྱི་བརྒྱུད་རིམ།  

Tags:1.1.1,结构,特征,教学,实录