21世纪教育网,教育资讯交流平台

1 从百草园到三味书屋优秀教学设计

日期:2015-10-17 16:01 阅读:
索南达杰  

地区: 青海省 - 海南 - 同德县

学校:同德县民族九年一贯制寄校

1课时

1 从百草园到三味书屋  初中语文       人教2001课标版

1教学目标

གཅིག སློབ་ཁྲིད་ཀྱི་དམིགས་ཡུལ།

གནས་གཞིའི་གོ་དོན་དང་དཔེར་བརྗོད།གང་རྣམ་པར་དབྱེ་བ་སོགས་བྱང་ཆུབ་པར་བྱ་དགོས།

2学情分析

 སློབ་མ་དབྱེ་ཞིབ།

      སློབ་མ་ལྔ་ཅུ་ཡོད་པ་ལས་བརྒྱ་ཆའི་སུམ་ཅུ་ཕུལ་བྱུང་སློབ་མ་དང་བརྒྱ་ཆའི་དྲུག་ཅུའི་སྦྱང་འབྲས་ཅུང་བཟང་བ་དང་། སློབ་ཞན་སློབ་མ་བརྒྱ་ཆའི་བཅུ་ཡོད། སྤྱིར་སློབ་མ་རྣམས་གཞུང་དྲང་ཡིན་ནའང་སློབ་སྦྱོང་གི་ཕྱོགས་ལ་དེ་འདྲའི་སྤྲོ་བ་མེད། རང་གཏོགས་དེ་བས་ཀྱང་མེད་པས་དགེ་རྒན་གྱིས་འདེད་དགོས་པ་དང་གཅིག་གཅིག་གཉིས་གཉིས་བྱས་ནས་ཁྲིད་དགོས་སོ། །

3重点难点

སློབ་ཁྲིད་ཀྱི་དཀའ་གཙོ་གནད།

གནས་གཞིར་དཔེ་བརྗོད་འཇོག་རྒྱུ་ནི་དཀའ་གནད་དང་གནས་གཞིའི་དཔེར་བརྗོད་ངོས་འཛིན་རྒྱུ་ནི་གཙོ་གནད་དོ།།

4教学过程 4.1 第一学时     教学活动 活动1【活动】གནས་གཞི་བཤད་པ།

ཁྲིད་བྱ་དངོས།

གནས་གཞིའི་གོ་དོན།

           རྣམ་དབྱེ་བདུན་པ་གནས་གཞི་ནི།།        བརྟེན་བྱའི་ཆོས་ཤིག་རྟེན་གཞི་ལ།།

            གནས་པ་དང་ནི་ཡོད་པ་སོགས།།         གཙོ་བོར་སྟོན་པའི་རྣམ་དབྱེ་ལ།།

           བདུན་པ་གནས་གཞི་ཞེས་པར་བརྗོད།།

       རྣམ་དབྱེ་བདུན་པ་གནས་གཞི་ནི། རྟེན་གཞི་དང་བརྟེན་ཆོས་གཉིས་སོ་སོར་འབྱེད་ཅིང་།གཙོ་ཆེར་རྟེན་ལ་ཉེ་བར་བྱེད་པའི་ལའི་དོན་ཅན་གྱི་རྣམ་དབྱེ་སྟེ།དཔེར་ན།སློབ་ཁང་དུ་སློབ་མ་ཡོད།ཅེས་པར།གནས་གཞིའམ་རྟེན་གཞི་ནི་སློབ་ཁང་དང་།གནས་པའམ་བརྟེན་པ་པོ་ནི་སློབ་མ་ཡིན་པར་གོ་བ་ནི།དུ་ཞེས་པའི་ལའི་དོན་ཅན་གྱི་སྒྲའི་ནུས་པ་ཡིན་པས།དེ་འདྲའི་དུ་སྒྲ་དེས་བྱ་བ་བྱས་པའི་དོན་མི་སྟོན་པར་གནས་བྱ་སློབ་མའི་སྟོན་པའི་གནས་རྟེན་གང་ཡིན་སྟོན་པའི་གནས་རྟེན་གང་ཡིན་སྟོན་པའི་རྣམ་དབྱེ་ཡིན་ནོ། །

           སྤྱིར་གནས་གཞིའི་ཚིག་སྦྱོར་ཞིག་ཡིན་ཕྱིན་དེ་ལའང་གྲུབ་ཆ་གསུམ་ཚང་དགོས་ཏེ། རྟེན་གཞི་སྟེ་གནས་དང་ཕྱོགས་མཚམས་དང་།ལ་དོན་གྱི་ཕྲད་དང་།བརྟེན་བྱའི་ཆོས་དང་གསུམ་མོ།དཔེར་ན།རྩྭ་ཐང་དུ་ནོར་ལུག་མང་།ཞེས་པ་ལ་མཚོན་ན།རྩྭ་ཐང་ནི་རྟེན་གཞི་སྟེ་གནས་དང་།དུ་ནི་ལ་དོན་གྱི་ཕྲད་དང་།ནོར་ལུག་ནི་བརྟེན་བྱའི་ཆོས་སམ་དངོས་པོ་ཡིན་ནོ། །

        དཔེ་བརྗོད་ནི།  ཤར་ཕྱོགས་སུ་ཡོད།  ལག་ཏུ་སྨྱུ་གུ་མཆིས།   བྱང་དུ་རླུང་ཆེ། རྒྱ་མཚོ་རུ་རྦ་རླབས་འཕྱུར།  ནམ་མཁའ་འཇའ་ཚོན་མཛེས།  སློབ་དཔོན་ལ་སློབ་མ་མང་།  ཤིང་ལ་ལོ་མ་བདོག ཅེས་པ་ལྟ་བུའོ།།

༣སྤྱི་སྡོམ།

རྣམ་དབྱེ་སྦྱར་སའི་གཞི་དེ་ལ་བྱ་བ་ཞིག་བྱས་པའམ་བྱེད་པ་དང་།གཞི་དེའི་ཆེད་དུ་བྱས་པ་དང་བྱེད་འགྱུར་གང་ཡང་མི་སྟོན་པར།གཞི་དེ་ལ་ཆོས་ཤིག་གནས་པར་སྟོནཔ་ཙམ་ནི་གནས་གཞི་ཡིན།

༤ལས་བྱ་བཀོད་སྒྲིག

          ཤོག་ངོས་༤༡གི་དོན་ཚན་༡༢༣༤འབྲི་དེབ་སྟེང་བྲི་དགོས།

活动2【练习】གཤར་སྦྱང་།

གཤམ་གྱི་དཔེ་བརྗོད་དག་གི་ལ་དོན་དེ་དོན་གང་ལ་འཇུག་པ་ངོས་བཟུང་ནས་གུག་རྟགས་ནང་དུ་འབྲི་དགོས།

           ༡རབ་གསལ་དུ་བླ་མ་བཞུགས། (          )

            ༢རིར་ཟོག་འཚོ། (          )

          ༣ཟས་གཡོ་ན་མེ་འབུད།(          )

           ༤དབུས་སུ་འགྲོ། (          )

          ༥ཤིང་ལ་ལོ་མ་མངའ། (          )

          ༦ལྟོ་རྒྱབ་ཏུ་ཞིང་ལས་གཉེར། (          )

           ༧འཚོ་བ་རུ་ངལ་རྩོལ་བྱེད། (          )

ཁ དྲི་བར་ལན་ཐོབས།

༡རྣམ་དབྱེ་བདུན་པས་ཅི་ཞིག་རྣམ་པར་དབྱེ།

ལན།                                                                                                                         

༢གནས་གཞི་གསལ་བྱེད་ཀྱི་སྒྲ་གང་དག་ཡོད།

ལན།                                                                                                                 

༣ཁྲི་ཐོག་ཏུ་བཞུགས་དང་།  གཡས་ཕྱོས་སུ་ཉལ་ཞེས་པ་འདི་གཉིས་ལ་ཁྱད་པར་ཡོད་དམ་མེད།  རྒྱུ་མཚན་ཅི།

ལན།                                                                                                                       

ལྔ།   སློབ་ཁྲིད་རྗེས་ཀྱི་བསམ་གཞིག

སློབ་མ་ཚོའི་ཤེས་གསལ་ཅུང་བཟང་ནའང་གསལ་གསལ་དག་དག་ཅིག་དང་རང་གི་འདོད་བློ་དང་འཚམས་པ་ཞིག་འཁྲིད་ཐབས་བྲལ་བ་དཔེར་ན།རྟེན་གཞི་དང་བརྟེན་ཆོས་ཀྱི་དབྱེ་བ།སློབ་མ་རེ་རེའི་ལས་བྱ་ལ་བལྟས་ན་སྦྱང་འབྲས་དེ་འདྲའི་ལེགས་པོ་ཞིག་མིན་པ་འདྲ།གཙོ་བོ་སློབ་མ་རང་རང་གསབ་ཞུགས་བྱས་པ་མི་འདང་བས་རྗེས་ཕྱོགས་སློབ་མ་རང་འགུལ་གྱིས་སློབ་ཁྲིད་ཁྲོད་ཞུགས་པའི་སྒུལ་ཤུགས་མཐོར་འདེགས་གཏོང་དགོས་སོ། །

དྲུག སློབ་མ་དབྱེ་ཞིབ།

      སློབ་མ་ལྔ་ཅུ་ཡོད་པ་ལས་བརྒྱ་ཆའི་སུམ་ཅུ་ཕུལ་བྱུང་སློབ་མ་དང་བརྒྱ་ཆའི་དྲུག་ཅུའི་སྦྱང་འབྲས་ཅུང་བཟང་བ་དང་། སློབ་ཞན་སློབ་མ་བརྒྱ་ཆའི་བཅུ་ཡོད། སྤྱིར་སློབ་མ་རྣམས་གཞུང་དྲང་ཡིན་ནའང་སློབ་སྦྱོང་གི་ཕྱོགས་ལ་དེ་འདྲའི་སྤྲོ་བ་མེད། རང་གཏོགས་དེ་བས་ཀྱང་མེད་པས་དགེ་རྒན་གྱིས་འདེད་དགོས་པ་དང་གཅིག་གཅིག་གཉིས་གཉིས་བྱས་ནས་ཁྲིད་དགོས་སོ། །

1 从百草园到三味书屋 

课时设计 课堂实录

1 从百草园到三味书屋 

1第一学时     教学活动 活动1【活动】གནས་གཞི་བཤད་པ།

Tags:百草园,三味,书屋,优秀,教学设计