|
尕藏才让
地区: 青海省 - 海南 - 贵德县
学校:贵德县民族寄宿制学校
共1课时
第3节 测量小灯泡的电功… 初中物理 人教2011课标版
1教学目标
སློབ་སྦྱོང་གི་དམིགས་ཚད། ༡ གློག་རྩོལ་ཕྱོད་ཀྱི་གོ་དོན་ལ་གོ་བ་གཏིང་ཟབ་མོ་ལོན་པ། གློག་རྒྱུན་འཇལ་ཆས་དང་གློག་གནོན་འཇལ་ཆས་བྱང་ཆ་ལྡན་པར་བཀོལ་ནས་གློག་ཏོག་ཆུང་བིའ་གློག་རྩོལ་ཕྱོད་འཇལ་བ། ༢ ཚོ་ཆུང་མཉམ་འབྲེལ་བརྒྱུད་ནས་ཝོལ་ཨམ་ཐབས་ཀྱིས་གློག་རྩོལ་ཕྱོད་འཇལ་བའི་བྱེད་ཐབས་ཤེས་པ། ༣ ལག་ལེན་དངོས་ལ་ཞུགས་ནས་ཚན་རིག་གི་དངོས་བཤེར་བྱེད་པ་གསོ་སྐྱོང་བྱེད་པ།
2学情分析
གློག་ཏོག་ཆུང་བའི་གློག་རྩོལ་ཕྱོད་འཇལ་བའི་དངོས་བཤེར་ལ་མཚོན་ན་སློབ་མ་ལ་བག་ཆགས་ཅུང་ཟབ་མོ་ཡོད། ཉེ་སྔོན་ཁྲིད་ཟིན་པའི་གློག་ཏོག་ཆུང་བའི་གློག་གེགས་འཇལ་བའི་དངོས་བཤེར་དང་གློག་རྩོལ་ཕྱོད་འཇལ་བའི་དངོས་བཤེར་གཉིས་ལ་འདྲ་བའི་ཆ་ཤིན་ཏུ་མང་། དེ་རྐྱེན་དགེ་རྒན་གྱི་ཟུར་འཁྲིད་བྱེད་པ་དང་སློབ་མ་གཙོར་བཞག་ནས་སློབ་མའི་ལག་ལེན་གྱི་ནུས་བ་སྐྱེད་སྲིང་བྱེད་དགོས་བསམ།
3重点难点
གཙོ་གནད། ཝོལ་ཨམ་ཐབས་ཀྱིས་གློག་རྩོལ་ཕྱོད་འཇལ་བ། དཀའ་གནད། རྩོལ་ཕྱོད་དངོས་དང་ཚད་བཅད་རྩོལ་ཕྱོད་ལ་གོ་བ་ལོན་པ། གློག་ལམ་ཆག་སྐྱོན་ལ་དབྱེ་ཞིབ་བྱེད་པ།
4教学过程
4.1 第一学时
教学活动
活动1【导入】ཝོལ་ཨམ་ཐབས་ཀྱིས་གློག་རྩོལ་ཕྱོད་འཇལ་བ
སྔོན་སྦྱོང་མཛུབ་སྟོན། ཐོག་མར་སློབ་དེབ་བཀླག་ནས་དངོས་བཤེར་དམིགས་ཚད་དང་གཞུང་ལུགས། ཡོ་ཆས། གོ་རིམ་གསལ་བོ་བྱེད་པ་མ་ཟད། ཡང་དག་གི་རེའུ་མིག་ཇུས་འགོད་བྱས་ནས་དངོས་བཤེར་གྱི་གཞི་འཛིན་གྲངས་དང་སྣང་ཚུལ་འགོད་པ། བར་སྟོང་དང་དྲི་གཞི་ཐག་གཅོད་བྱེད་པ། གསར་རྙེད་བྱུང་བའི་གནད་དོན་གཞིར་བཟུང་ནས་ཡང་བསྐྱར་སློབ་དེབ་དང་ཡིག་ཚགས་བཀླག་ནས་ཐག་གཅོད་བྱེད་དགོས།
活动2【讲授】ཝོལ་ཨམ་ཐབས་ཀྱིས་གློག་རྩོལ་ཕྱོད་འཇལ་བ།
རྩད་ཞིབ་ཇུས་འགོད། དང་པོ། རྩད་ཞིབ་བྱ་ཡུལ་དང་པོ། ༡ དངོས་བཤེར་དམིགས་ཚད། (༡)ཝོལ་ཨམ་ཐབས་ཀྱིས་གློག་རྩོལ་ཕྱོད་འཇལ་ཤེས་པ། (༢)རང་གིས་ལག་ལེན་རྩིས་རྒྱག་དང་དབྱེ་ཞིབ་གྲོས་བསྡུར་བརྒྱུད་ནས་གློག་རྩོལ་ཕྱོད་ཀྱི་འཇལ་ཐབས་ཤེས་པ། ༢ དངོས་བཤེར་གྱི་རྩ་བའི་རིགས་པ། P=UI ༣ དངོས་བཤེར་ཡོ་ཆས། གློག་ཏོག་ཆུང་བ། གློག་ཁུངས། བསད་སྦར། ( )( )( )རེ་རེ་དང་འདྲེན་སྐུད་འགའ་ཞིག ༤ དངོས་བཤེར་གོ་རིམ། (༡) དངོས་བཤེར་གྱི་རྩ་བའི་རིགས་པ་གཞིར་བཟུང་ནས་གློག་ལམ་རི་མོ་དཔེ་རིས་༡དང་གཞི་འཛི
ན་གྲངས་ཐོ་འགོད་རེའུ་མིག་ཇུས་འགོད་བྱེད་པ། (༢) དཔེ་རིས་ལྟར་གློག་ལམ་རི་མོ་ལྟར་གློག་ལམ་སྦྲེལ་བ། སྦྲེལ་སྟངས་ནི་སྔོན་ལ་ཕྲེང་སྦྲེལ་བྱས་རྗེས་རྗེས་སུ་གཤིབ་སྦྲེལ་བྱེད་པ་དང་། (༣) གློག་ལམ་སྦྲེལ་བར་ཞིབ་བཤེར་བྱས་རྗེས། བསད་སྦར་རེག་ཙམ་བྱས་ཏེ་གློག་རྒྱུན་འཇལ་ཆས་དང་གློག་གནོན་འཇལ་ཆས་གྱི་སྟོན་ཁབ་ཡོ་འཁྱོག་བྱས་ཡོད་མེད་ལ་བལྟ་དགོས། གལ་ཏེ་སྟོན་ཁབ་དྲང་ཕྱོགས་སུ་ཡོ་བ་དང་འཇལ་ཐག་ལས་བརྒལ་མེད་ན་གློག་ལམ་སྦྲེལ་བ་ནོར་མེད། གལ་ཏེ་ལྡོག་ན་ཡང་བསྐྱར་གློག་ལམ་རི་མོ་ལ་ཞིབ་བཤེར་བྱེད་དགོས། (༤) བསད་སྦར་ཁ་ཟུམ་ནས་འདྲེད་འགུལ་གེགས་འགྱུར་ཆས་ཀྱི་འདྲེད་ལེབ་དེད་ནས་གེགས་གྲངས་ཆེས་བ་ནས་ཆུང་བར་བསྒྱུར་ནས། ནིག་སྐུད་དམར་བ་དང་། འོད་ཅུང་གསལ་བ། འོད་ཧ་ལམ་གསལ་བ་སོ་སོའི་སྐབས་སུ་གློག་རྒྱུན་དང་གློག་གནོན་རེ་རེ་ཐོ་འགོད་བྱས་ནས་གཤམ་གྱི་རེའུ་མིག་ཏུ་སྐོངས་དགོས།
(༥)བསད་སྦར་ཁ་ཕྱེས་ཏེ་ཡོ་ཆས་བདག་དམ་བྱེད་པ། (༦)འཇལ་ཟིན་པའི་གཞི་འཛིན་གྲངས་སྤྱད་ནས། སྤྱི་འགྲོས་P=UIགཞིར་བཟུང་ནས་གློག་ཏོག་ཆུང་བའི་གློག་གནོན་རེ་རེའི་འོག་གི་གློག་རྩོལ་ཕྱོད་བརྩི་བ་དང་དེའི་འགྱུར་ལྡོག་ལ་དབྱེ་ཞིབ་བྱེད་དགོས། དོགས་གཞི། རྩད་ཞིབ་བྱ་ཡུལ་གཉིས་པ། རྒྱུན་མཐོང་གི་དངོས་བཤེར་གནད་དོན། གཙོ་གནད། གནད་དོན་༡གློག་ལམ་སྦྲེལ་དུས་གཞི་དང་གང་དག་ལ་དོ་སྣང་བྱེད་དགོས།
活动3【活动】ཝོལ་ཨམ་ཐབས་ཀྱིས་གློག་རྩོལ་ཕྱོད་འཇལ་བ།
གནད་དོན༢གློག་ཏོག་ཆུང་བའི་གློག་རྩོད་ཕྱོད་འཇལ་བ་དང་གློག་ཏོག་ཆུང་བའི་གློག་གེགས་འཇལ་བ་གཉིས་མི་གཅིག་ས་གང་ཡོད།
活动4【练习】ཝོལ་ཨམ་ཐབས་ཀྱིས་གློག་རྩོལ་ཕྱོད་འཇལ་བ།
སྦྱོང་བརྡར། ༡ གློག་ཏོག་ཆུང་བའི་གློག་རྩོལ་ཕྱོད་འཇལ་བའི་དངོས་བཤེར་ཁྲོད་དུ། གལ་ཏེ་གློག་རྒྱུན་འཇལ་ཆས་གཤིབ་སྦྲེལ་བྱེད་པ་དང་གློག་གནོན་འཇལ་ཆས་ཕྲེང་སྦྲེལ་བྱས་ན། དཔེ་རིས་༢ལྟར། བསད་སྦར་ཁ་ཟུམ་ན། གནད་དོན་འབྱུང་སྲིད་པ་ནི( ) ཀ གློག་ཏོག་སྦར་མི་ཐུབ། ཁ གློག་རྒྱུན་འཇལ་ཆས་ཀྱི་སྟོན་ཁབ་ཡོ་འཁྱོག་མངོན་གསལ་བ་ཡིན། ག གློག་རྒྱུན་འཇལ་ཆས་བསྲེག་ངེས་ཡིན། ང གློག་གནོན་འཇལ་ཆས་ཀྱི་བསྟན་གྲངས་ནི་གློག་ཁུངས་ཀྱི་གློག་གནོན་ཡིན
活动5【测试】གློག་ཏོག་ཆུང་བའི་གློག་རྩོལ་ཕྱོད་འཇལ་བ།
༡ གློག་ཏོག་ཆུང་བའི་ཚད་བཅད་རྩོལ་ཕྱོད་འཇལ་བའི་་དངོས་བཤེར་ཁྲོད་དུ་སློབ་གྲོགས་ག་གེ་མོ་ཞིག་གི་ཡང་དག་སྒོས་གློག་ལམ་སྦྲེལ་རྗེས་བསད་སྦར་ཁ་ཟུམ། གློག་ཏོག་ལས་འོད་འཕྲོས། འོན་ཀྱང་སྙོམས་སྒྲོག་བྱས་རུང་གློག་གནོན་འཇལ་ཆས་ཀྱི་སྟོན་གྲངས་གློག་ཏོག་གི་ཚད་བཅད་གློག་གནོན་ལ་ཐོན་མི་ཐུབ། དེའི་རྒྱུ་རྐྱེན་ནི་གཤམ་གསལ་བཤད་ཚུལ་ཁྲོད་ཀྱི་གང་ཡིན། ཀ གེགས་འགྱུར་ཆས་ཀྱི་གེགས་ཐང་ཆེ་དྲག་པ། ཁ གློག་གནོན་འཇལ་ཆས་ཀྱི་འཇལ་ཐག་ཆེ་བ། ག གློག་ཁུངས་ཀྱི་གློག་གནོན་ཆུང་དྲག་པ། ང་། གློག་ཏོག་གི་ཝུལ་སྐུད་ཆད་པ། ༢ ཝུལ་ཨམ་ཐབས་ཀྱི་གློག་ཏོག་ཆུང་བའི་རྩོལ་ཕྱོད་འཇལ་བའི་དངོས་བཤེར་གྱི་རྩ་བའི་རིགས་པ་ནི་( )ཐད་ཀར་དུ་འཇལ་བའི་དངོས་ལུགས་ཚད་ནི་( )དང་( )ཡིན།
第3节 测量小灯泡的电功率
课时设计 课堂实录
第3节 测量小灯泡的电功率
1第一学时

Tags:3节,量小,灯泡,电功率,教学设计
|